མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་སྤྱི་ཁྱབ་ཇུས་འགོད་པ་ཡིན་པའི་ཏེང་ཞའོ་ཕིང་ཞེས་པའི་རྩོམ་ཡིག་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-20 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་བཅོ་བརྒྱད་ཉིན་པར་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་སྤྱི་ཁྱབ་ཇུས་འགོད་པ་ཡིན་པའི་ཏེང་ཞའོ་ཕིང་ཞེས་འཁོད་པའི་རྩོམ་ཡིག་གཅིག་སྤེལ་ཡོད་པ་རེད། རྩོམ་ཡིག་ནང་། འདི་ལོ་བློ་མཐུན་ཏེང་ཞའོ་ཕིང་སྐུ་བལྟམས་ནས་ལོ་ངོ110འཁོར་བའི་ལོ་ཞིག་རེད། ཏེང་ཞའོ་ཕིང་ནི་དུས་རབས་ཉི་ཤུ་པའི་ཀྲུང་གོའི་མི་སྣ་རླབས་པོ་ཆེ་ཞིག་ཡིན་པ་དང་། མི་རྣམས་ནས་ཁོང་ལ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཁྱབ་ཇུས་འགོད་པ་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་དང་། རྩོམ་ཡིག་ནང་། རིག་གནས་གསར་བརྗེ་ཆེན་མོ་ལས་ཐོན་པའི་གནད་དོན་རི་ལྟར་སྤུངས་ཤིང་། དོན་དག་མང་པོ་མགོ་མཇུག་མེད་པར་ཟང་ཟིང་དུ་གནས་པ། མི་རྣམས་ཀྱི་བསམ་བློ་ཆེས་ཟང་ཟིང་དུ་གནས་པའི་སྐབས་དེར། བློ་མཐུན་ཏེང་ཞའོ་ཕིང་གིས་ཐུགས་ཐག་ཆོད་པོའི་སྒོ་ནས་བསམ་བློའི་འཐབ་ཕྱོགས་ཐོག་ཟིང་བཅོས་ཡོ་བསྲང་གནང་ཞིང་། ལག་ལེན་ནི་བདེན་དོན་དབྱེ་འབྱེད་ཀྱི་ཚད་གཞི་ཉག་ཅིག་དེ་ཡིན་པའི་ཐད་བཞེད་པ་གཅིག་མཐུན་བྱུང་ཡོད། ཏེང་ཞའོ་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། རང་ཉིད་ཀྱི་ལམ་དུ་བསྐྱོད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་དགོས་པའི་སྐོར་བཏོན་ཡོད། ཏེང་ཞའོ་ཕིང་གིས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་འཛུགས་བསྐྲུན་ལྟེ་བར་འཛིན་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པར། ཆེས་རྩ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་དགོས་ཞེས་བཏོན་གནང་ཡོད། ཏེང་ཞའོ་ཕིང་གིས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་བསྐྲུན་ཐད་གོམ་སྟབས་གསུམ་གྱི་ཐབས་ཇུས་ཇུས་འགོད་གནང་ཡོད།

ཏེང་ཞའོ་ཕིང་གིས་བསྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བྱ་དགོས་ཚུལ་བཏོན་གནང་ཡོད། དེ་ནི་ཀྲུང་གོའི་ལོ་རྒྱུས་ཐོག་སྔ་ན་མེད་པའི་འཐབ་ཇུས་ཇུས་འགོད་ཅིག་རེད།

ཏེང་ཞའོ་ཕིང་གིས་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱ་དགོས་པ་དང་། འབྱོར་ལྡན་གྲལ་རིམ་གྱི་རང་མོས་ཅན་ལ་ངོ་རྒོལ་བྱ་དགོས་ཚུལ་བཏོན་ཡོད། ༡༩༨༩ལོའི་ཆབ་སྲིད་ཀྱི་ཡོ་ལང་དེར་བསམ་གཞིགས་གནང་སྐབས། ཏེང་ཞའོ་ཕིང་གིས་ཁ་ཞེ་གཉིས་མེད་ངང་། ལོ་བཅུའི་ནང་གི་དོན་འཛོལ་ཆེ་ཤོས་དེ་ནི་མི་དམངས་ལ་སློབ་གསོ་རྒྱག་རྒྱུའི་ཐད་ཤོར་ཡོད་པ་དང་། ཀྲུང་གོ་ནི་རྒྱལ་ཁབ་གང་འདྲ་ཞིག་ཡིན་པ་དང་། མ་འོངས་པར་གང་འདྲ་ཞིག་ལ་འགྱུར་བ་བྱ་རྒྱུའི་སྐོར་གྱི་སློབ་གསོ་རྒྱག་རྒྱུ་ཉུང་དྲག་ཡོད། དེ་ནི་ང་ཚོའི་དོན་འཛོལ་ཆེ་ཤོས་དེ་རེད་ཅེས་གསུངས་ཡོད།

སྤྱི་ཁྱབ་ཇུས་འགོད་པ་ཞིག་ཡིན་པའི་ཏེང་ཞའོ་ཕིང་གིས། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་བསྐྲུན་ཐད་འཛིན་པའི་གཞི་རྩའི་བསམ་ཇུས་དག་སྤྱིའི་ཆ་ནས་ཏེང་ཞའོ་ཕིང་གི་གསུང་རྩོམ་ནང་གསལ་ཡོད། ཁོང་གིས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ཀྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་ཁག་རྒྱུན་འཁྱོངས་བྱེད་དགོས་པ་དང་། འགག་རྩ་ནི་ལྟེ་བ་གཅིག་དང་གཞི་རྩ་གཉིས་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་མི་བྱེད་པ་དང་། བསྒྱུར་བཅོས་སྒོ་དབྱེ་མི་བྱེད་པ། དཔལ་འབྱོར་གོང་འཕེལ་མི་གཏོང་བ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་མི་བྱེད་པ་བཅས་བྱས་ན། ཐར་ལམ་རྟ་རྔ་ཙམ་ཡང་མེད། གཞི་རྩའི་ལམ་ཕྱོགས་ལོ་བརྒྱ་རྒྱུན་འཁྱོངས་བྱ་དགོས་པ་དང་། དེར་གཡོ་འགུལ་གཏོང་མི་རུང་ཞེས་མངགས་སྐུལ་གནང་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག