མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་དྲ་བའི་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དཔེ་མཚོན་གྱོད་གཞི་ཁག147ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-20 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་པུའུ་ཡི་དྲ་བའི་ཐོག་སྤྱི་ཚེས་བཅོ་བརྒྱད་ཉིན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དཔེ་མཚོན་གྱོད་གཞི་ཁག147ཁྱབ་བསྒྲགས་བྱས་པ་དང་། གྱོད་གཞི་དེ་དག་ནི་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་ཤ་སྟག་ཡིན་པ་རེད།

གྱོད་གཞི་དེ་དག་གཙོ་བོ་གཞུང་དངུལ་སྤྱད་ནས་ཡུལ་སྐོར་ལ་འགྲོ་བ་དང་། གཞུང་དངུལ་སྤྱད་ནས་ཟླ་མཆོད་བག་ལེབ་ཉོས་པ། སྒྲིག་སྲོལ་ལས་འགལ་བའི་ཐོག་ནས་གཞུང་འཁོར་སྤྱད་པ། གཉེན་སྟོན་དང་འདས་མཆོད་སོགས་རྒྱས་བཤོམས་བྱས་པ། ལས་ཀའི་སྒྲིག་སྲོལ་ལས་འགལ་བ། སྒྲིག་སྲོལ་ལས་འགལ་ནས་འགན་གནས་གཅིག་ལྕོག་བཟུང་ནས་གླ་ཆ་ལེན་པ། གཞུང་དངུལ་སྤྱད་ནས་རྒྱས་བཟའ་རྒྱས་འཐུང་བྱེད་པ། སྒྲིག་སྲོལ་ལས་འགལ་ནས་ཁ་གསབ་སྤྲད་པ། ལག་རྟགས་སྤྲོད་ལེན་བྱས་པ། སྒྲིག་སྲོལ་ལས་འགལ་ནས་གསོལ་སྟོན་ལ་ཞུགས་པ་དང་འཛད་སྤྱོད་རིན་པ་མཐོ་བའི་རོལ་རྩེད་བྱེད་སྒོར་ཞུགས་པ། སྤྱི་པའི་རྒྱུ་ནོར་འཛད་སྤྱོད་བྱས་པ་སོགས་དང་འབྲེལ་བ་ཡོད་པ་རེད།

ཟླ་མཆོད་དུས་ཆེན་སླེབས་གྲབས་ཡོད་པ་དང་བསྟུན་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྔར་ལས་ལྷག་པའི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། སྤྱོད་ཚུལ་ངན་པ་བཞི་བསྐྱར་དུ་ཐོན་རྒྱུར་སྔོན་འགོག་བྱེད་ཆེད། ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་པུའི་དྲ་བས་གཞུང་དངུལ་སྤྱད་ནས་ཟླ་མཆོད་བག་ལེབ་ཉོ་བ་ཐེར་འདོན་བྱེད་ས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། གཟའ་འཁོར་གཉིས་རེའི་ནང་རིམ་ཁག་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག