མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཉེ་བའི་དུས་སྐབས་ཤིག་ལ་ཤར་བྱང་དར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་སྐོར་གྱི་བསམ་འཆར་འགའ»འགྲེམ་སྤེལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཉེ་བའི་དུས་སྐབས་ཤིག་ལ་ཤར་བྱང་དར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་སྐོར་གྱི་བསམ་འཆར་འགའ»འགྲེམ་སྤེལ་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་ཏེ། ཤར་བྱང་ས་ཁུལ་དར་སྤེལ་དང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཞིང་ནང་ཁུལ་གྱི་འཕེལ་རྒྱས་ལ་བརྟེན་ནས་ཤར་བྱང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རིམ་པ་འཕར་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་མཛུབ་སྟོན་དུ་བཟུང་སྟེ་ཕྱོགས་བཅུ་གཅིག་ཐད་ལ་སྲིད་ཇུས་དང་བྱེད་ཐབས་སོ་ལྔ་བཏོན། གཅིག ཚོང་རའི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས། གཉིས། ཤར་བྱང་ས་ཁུལ་གྱི་རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩའི་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཕྱོགས་ནས་ཤར་བྱང་ས་ཁུལ་དུ་ཐོག་མར་ལག་བསྟར་དང་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། གསུམ། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་འདེགས་སྐུལ་བྱེད་དགོས། བཞི། ཐོན་ལས་ཀྱི་འགྲན་རྩོད་ནུས་ཤུགས་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་དགོས། ལྔ། ཞིང་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་ནུས་པ་ཇེ་ཆེར་གཏོང་དགོས། དྲུག གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བདུན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གལ་ཆེན་མྱུར་དུ་ལག་བསྟར་བྱེད་དགོས། བརྒྱད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་དགོས། དགུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནུས་པ་ཇེ་ཆེར་གཏོང་དགོས། བཅུ། ཕྱོགས་ཡོངས་ནས་སྒོ་འབྱེད་མཉམ་ལས་རྒྱ་བསྐྱེད་དགོས། བཅུ་གཅིག སྲིད་ཇུས་འགན་སྲུང་དང་རྩ་འཛུགས་ལག་བསྟར་ནུས་པ་ཇེ་ཆེར་གཏོང་དགོས་པ་བཅས་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག