མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་ཟླ་བ7པར་གཏན་འབེབ་དོན་ཚན་བརྒྱད་དང་འགལ་བའི་མི་སྣ6017ལ་ཆད་པ་བཅད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-20 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་བཤེར་ལྟ་ཞིབ་པུའུ་ཡི་དྲ་ཚིགས་ཐོག་སྤྱི་ཚེས་བཅོ་བདུན་ཉིན་གྲངས་གཞི་ཞིག་སྤེལ་བ་ལས་གསལ་བར། ད་ལོའི་ཟླ་བ་བདུན་པར་ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ལས་བརྒལ་བའི་གནད་དོན་ཁག4480ཐག་གཅོད་བྱས་པ་དང་། ཁྱོན་མི6017ལ་ཐག་གཅོད་བྱས་ཤིང་། མི2097ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་རེད།

ཟླ་བ་བདུན་པར་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་ཁག་ནང་། ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་དོན་གཞི་2505དང་། གཞུང་དངུལ་སྤྱད་ནས་རིན་པ་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོར་ཞུགས་པ། འགན་འཁྲི་ཡག་པོ་མི་འཁུར་བ་བཅས་ཀྱི་དོན་གཞི954གཏན་འབེབས་ལས་འགལ་ནས་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་པའི་དོན་གཞི477གཉེན་སྒྲིག་དང་འདས་མཆོད་རྒྱས་བཤོམས་བྱས་པའི་དོན་གཞི་ཁག277གཞུང་དངུལ་སྤྱད་ནས་རྒྱས་བཟའ་རྒྱས་འཐུང་བྱས་པའི་དོན་གཞི་ཁག97གཞུང་དངུལ་སྤྱད་ནས་ཡུལ་སྐོར་བྱས་པའི་དོན་གཞི་ཁག81ལག་རྟགས་སྤྲད་པའི་དོན་གཞི78ཁང་པ་དང་འབྲེལ་བའི་གཏན་འབེབས་ལས་འགལ་བའི་དོན་གཞི11བཅས་ཚུད་ཡོད་པ་རེད།

སྤྱི་ཟླ་བདུན་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དོན་རྐྱེན་ཁག51600ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི67679ལ་ཆད་པ་བཅད་པ། མི18365ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག