མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཐེ་ཝན་བཟོ་ལས་སྤྱིའི་ཚོགས་པའི་སྐམ་ས་ཆེན་མོའི་དཔལ་འབྱོར་ཉོ་ཚོང་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:08

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་ཐེ་ཝན་བཟོ་ལས་སྤྱིའི་ཚོགས་པའི་སྐམ་ས་ཆེན་མོའི་དཔལ་འབྱོར་ཉོ་ཚོང་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་ཐེ་ཝན་བཟོ་ལས་སྤྱིའི་ཚོགས་པའི་སྐམ་ས་ཆེན་མོའི་དཔལ་འབྱོར་ཉོ་ཚོང་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཐེ་ཝན་བཟོ་ལས་སྤྱིའི་ཚོགས་པས་ལོ་མང་བོའི་རིང་ལ་འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་སུ་གཏོང་བར་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ནི་འགྲམ་གཉིས་ཀྱི་སྤུན་ཟླར་འབྲེལ་བའི་ཕན་ཁེ་ཡིན་པ་དང་། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡང་ཡིན་པས། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཡར་སྐུལ་བྱེད་པའི་སྲིད་ཇུས་དང་ཁ་ཕྱོགས་དེར་འགྱུར་བ་མེད། སྐམ་ས་ཆེན་མོས་ད་བར་དུ་འགྲམ་གཉིས་ཀྱི་ཁེ་ལས་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཆ་རྐྱེན་བཟང་བོ་བསྐྲུན་ཞིང་། ཐེ་ཝན་སྤུན་ཟླར་སྐམ་ས་ཆེན་མོ་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་བོ་ལོངས་སུ་སྤྱོད་དུ་འཇུག་འདོད་ཡོད། ཐེ་ཝན་བཟོ་ལས་སྤྱིའི་ཚོགས་པ་དང་དེའི་ཁོངས་མིས་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དང་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག