མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ད་ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་བཏོན་པའི་ལོ་དང་པོ་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ་ལག་བསྟར་གྲོས་གཞི་དང་ལྟ་རྟོག་ཞིབ་བཤེར། བཅོས་སྒྱུར་གྱི་གྲུབ་འབྲས་སོགས་དངོས་འབེབས་བཟང་བོ་བྱས་ནས། མི་དམངས་མང་ཚོགས་ལ་བཅོས་སྒྱུར་གྱི་ཕན་འབྲས་ངོ་མ་ལོངས་སུ་སྤྱོད་དུ་འཇུག་དགོས་པར་མ་ཟད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་མཉམ་དུ་བཅོས་སྒྱུར་ཕྱོགས་ལ་ཐབས་ཇུས་འདོན་པ་དང་མཉམ་དུ་བཅོས་སྒྱུར་ཐད་ལ་སྟོབས་ཤུགས་འདོན་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཀྲུང་དབྱང་དོ་དམ་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོའི་གླ་ཕོག་ལམ་ལུགས་བཅོས་སྒྱུར་གྲོས་གཞི་དང་ཀྲུང་དབྱང་ཁེ་ལས་འགན་འཁུར་བའི་འགན་འཁྲི་ལག་བསྟར་ཐོབ་ཐང་དང་བྱེད་སྒོའི་འགྲོ་སོང་ལུགས་མཐུན་སྒོས་གཏན་འཁེལ་བྱེད་པའི་སྐོར་གྱི་བསམ་འཆར། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར་བཅས་ལ་གྲོས་ཞིབ་བྱས་པ་དང་། སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་བཅོས་སྒྱུར་བྱེད་ཐབས་ཀྱི་ལག་བསྟར་འཆར་གཞི། ལོ་སྟོད་ཀྱི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བཅོས་སྒྱུར་བྱ་བར་སྤྱི་བསྡོམས་བྱས་ཤིང་། བཅོས་སྒྱུར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་དུས་སྐབས་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་གཉེར་ཁེ་ལས་དང་ལྷག་པར་དུ་ཀྲུང་དབྱང་དོ་དམ་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་གཙོ་བོ་དང་གནད་འགག་གི་ཁྱབ་ཁོངས་སུ་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། ང་ཚོ་ཏང་གི་སྲིད་འཛིན་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་གི་དཔལ་འབྱོར་རྨང་གཞིའི་ཁྲོད་དུ་ཡང་སྲོག་ཤིང་གི་ནུས་པ་འདོན་བཞིན་ཡོད་པས་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་གནད་འགག་ནི་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ཏེ། ལག་བསྟར་གྲོས་གཞི་དང་ལག་བསྟར་བྱ་སྤྱོད། ལྟ་རྟོག་ཞིབ་བཤེར། བཅོས་སྒྱུར་གྲུབ་འབྲས། དྲིལ་སྒྲོག་སྣེ་ཁྲིད་བཅས་ས་ཕྱོགས་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག