མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་ཟད་ཚད་དུས་མཚུངས་ལས་བརྒྱ་ཆ་བཞི་དང་གྲངས་ཆུང་གཉིས་ཆག་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་གཞིགས་ན། ཀྲུང་དབྱང་གིས་འཕར་སྣོན་བརྟན་དུ་གཏོང་བ་དང་། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་གཞི་ལེགས་སྒྲིག་བྱེད་པ། དམངས་ཀྱི་འཚོ་བར་ཕན་འདོགས་པ་བཅས་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་སྙོམས་སྒྲིག་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། ནུས་རྒྱུའི་འཛད་སྤྱོད་ཀྱི་འཕར་ཚད་ཀྱང་ཅུང་དམའ་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྡེ་ཚན་རེར་ནུས་རྒྱུ་ཟད་ཚད་དུས་མཚུངས་ལས་བརྒྱ་ཆ་བཞི་དང་གྲངས་ཆུང་གཉིས་ཆག་ཡོད། རྒྱལ་ཁབ་གོང་སྤེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དབྱེ་ཞིབ་བྱས་པར། ནུས་རྒྱུ་གྲོན་ཆུང་དང་སྦགས་བཙོག་འབུད་བཤངས་ཉུང་གཏོང་གི་དུས་བབ་ཅུང་ཡག་པོ་ཡོད་ཀྱང་། དམིགས་འབེན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་པར་ད་དུང་དཀའ་ངལ་དང་གནད་དོན་འགའ་ཤས་གནས་ཡོད་པ་རེད། དེ་ཡང་གཅིག་ནས། ས་ཁུལ་འགའ་རེས་ནུས་རྒྱུ་གྲོན་ཆུང་དང་སྦགས་བཙོག་འབུད་བཤངས་ཉུང་གཏོང་ཐད་ལྷོད་གཡེངས་བྱེད་པའི་སྣང་ཚུལ་མངོན་པ་དང་། ས་ཁུལ་འགའ་རེས་དཔལ་འབྱོར་གྱི་འཕར་ཚད་དམའ་རུ་འགྲོ་བའི་གནོན་ཤུགས་འོག སྲོལ་རྒྱུན་གྱི་གོང་སྤེལ་ལམ་བུར་བརྟེན་ཤུགས་ཆེ་རུ་འགྲོ་བའི་སྣང་ཚུལ་མངོན་གསལ་དོད་པོ་ཡོད་ཅིང་། ནུས་རྒྱུ་ཟད་གྲོན་ཆེ་བ་དང་ཆུ་གྲོན་ཆེ་བའི་རྣམ་གྲངས་ཁག་ལག་བསྟར་བྱེད་རྩིས་བྱེད་པ། གཉིས་ནས། ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་ཀྱི་ནུས་རྒྱུའི་ཟད་གྲོན་བསྐྱར་དུ་ཆེ་རུ་འགྲོ་བ། གསུམ་ནས་ཐོན་རྫས་རྐྱང་པ་འགའ་རེའི་ནུས་རྒྱུ་ཟད་ཚད་མཐོ་རུ་འགྲོ་བའི་སྣང་ཚུལ་མངོན་པ་དང་། ཁེ་ལས་འགའ་རེའི་ཁེ་གཉེར་ཐད་དཀའ་ངལ་འཕྲད་པ་དང་། ཕན་འབྲས་གཞི་ཁྱོན་ཆེན་པོ་འདོན་མི་ཐུབ་པའི་རྐྱེན་གྱིས། ཐོན་རྫས་རྐྱང་པའི་ནུས་རྒྱུ་ཟད་གྲོན་ཆེ་རུ་གཏོང་བཞིན་ཡོད་པ་རེད།

གོམ་སྟབས་རྗེས་མར། རྒྱལ་ཁབ་གོང་སྤེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ནུས་རྒྱུ་གྲོན་ཆུང་གི་དམིགས་འབེན་སྒྲུབ་དཀའ་བ་དང་། ནུས་རྒྱུའི་འཛད་སྤྱོད་འཕར་ཚད་མགྱོགས་དྲག་པའི་ས་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད། ཆབས་ཅིག་སྤྱི་ཡོངས་སྙོམས་སྒྲིག་ཁྲོད་ནུས་རྒྱུ་གྲོན་ཆུང་དང་སྦགས་བཙོག་འབུད་བཤངས་ཉུང་གཏོང་ཐད་གཡོ་འགུལ་མི་གཏོང་བར། དེའི་ཐད་དམིགས་སུ་བཀར་ནས་བྱ་ཐབས་བཏོན་ནས། གྲུབ་གཞི་ལེགས་སྒྲིག་དང་གོང་འཕེལ་གཏོང་ཐབས་བརྗེ་བསྒྱུར་ཐད་ལྡོག་སྐུལ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག