མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕིན་ལི་ཡོན་གྱིས་གདན་ཞུ་གནང་བའི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པའི་ཕྱི་ཕྱོགས་འགོ་ཁྲིད་པའི་སྐུ་ཟླ་ཁག་ཅིག་གིས་ནན་ཅིང་དངོས་མང་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-18 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕིན་ལི་ཡོན་གྱིས་སྤྱི་ཚེས16ཉིན་ནན་ཅིང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་གདན་ཞུ་གནང་བའི་ཕྱི་ཕྱོགས་འགོ་ཁྲིད་པའི་སྐུ་ཟླ་ཁག་ཅིག་གིས་ནན་ཅིང་དངོས་མང་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་ཡོད། སྔ་དྲོ། རྒྱལ་སྤྱིའི་ཨའོ་ལིན་ཕིག་ཁེ་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེ་ཡི་སྐུ་ཟླ་ཁེ་ལའོ་ཏི་ཡ་དང་རྒྱལ་སྤྱིའི་ཨའོ་ལིན་ཕིག་ཁེ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི་ལོ་ཀེའི་སྐུ་ཟླ་ཨན་ནྭ། པུའུ་ལུང་ཏེའི་ཙུང་ཐུང་ཨན་ཁུ་ལུན་ཆིའི་སྐུ་ཟླ་ཏེ་ཉི་སི། ཧེ་ཧྲན་ཙུང་ཐུང་འུ་ཡ་ནོ་ཝེ་ཆིའི་སྐུ་ཟླ་སི་ཝེ་ཐེ་ལེ་ན། ཝ་ནུའུ་ཨ་ཐུའུ་ཙུང་ལི་ན་ཐུའུ་མན་གྱི་སྐུ་ཟླ་ཁེ་ལེ་ཤི་བཅས་ཕེབས་འབྱོར་ཟིན་སྐབས། ཕིན་ལི་ཡོན་གྱིས་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་ཡོད། ཕིན་ལི་ཡོན་གྱིས་སྐུ་མགྲོན་རྣམས་ཀྱི་ཕེབས་རོགས་གནང་ནས། དང་ཐོག་ཅང་སུའུ་ཡི་གནའ་བོའི་ཤེས་དཔལ་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ་དང་། ཞིབ་ཚགས་ཅིང་ངོ་མཚར་ཆེ་བའི་རིག་དངོས་རེ་རེ་ལས་ཅང་སུའུ་ཡི་གནའ་བོའི་ཤེས་དཔལ་གྱི་གོང་འཕེལ་ལོ་རྒྱུས་མངོན་ཡོད། སྐུ་མགྲོན་ཚོས་འགྲེམ་སྟོན་བྱེད་སྒོར་བསྔགས་བརྗོད་གནང་ཡོད། ཕིན་ལི་ཡོན་དང་སྐུ་མགྲོན་རྣམས་ལྷན་དུ་ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་ཁང་ནང་ཕེབས་ནས། དམངས་ཁྲོད་སྒྱུ་རྩལ་པས་འགྲེམ་སྟོན་ཁང་ནང་ནན་ཅིང་གི་གོས་ཆེན་སྤྲིན་རིས་མ་དང་འུ་ཤི་ཡི་འདམ་པའི་མི། སུའུ་ཀྲོའུ་ཡི་ཚེམ་དྲུབ། ཡི་ཤིང་གི་བྱེ་ཟེགས་སྨུག་པོས་བཟོས་པའི་ཐོན་རྫས། ཡང་ཀྲོའུ་ཡི་པར་ཤིང་དང་པར་འདེབས། དམངས་ཁྲོད་སྒྱུ་རྩལ་པའི་སྤུས་ལེགས་ལག་རྩལ་ལ་སྐུ་མགྲོན་རྣམས་ནས་བསྔགས་བརྗོད་ཚད་མེད་གནང་ཡོད། ཕིན་ལི་ཡོན་ནས་སྐུ་མགྲོན་རྣམས་དང་ལྷན་དུ་ཚེམ་དྲུབ་བྱེད་བཞིན་ཡོད་པའི་ཅང་སུའུ་རུ་ཚེམ་དྲུབ་བརྩམས་ཆོས་དར་གོས་ལམ་བུ་ཞེས་པའི་འགྲམ་དུ་ཞུགས་ནས། ཚེམ་སྐུད་རྣམས་ཏེ་ཚེམ་བུ་བསྐྱོན་ཏེ། ཐུན་མོང་ཐོག ནན་ཅིང་གཞོན་ནུའི་ཨའོ་རྩལ་འགྲན་ཚོགས་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག