མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དབྱར་ཁའི་ན་གཞོན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ནན་ཅིན་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:46

དབྱར་ཁའི་ན་གཞོན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱར་ཁའི་ན་གཞོན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ལུས་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།

དུས་ཚོད་བཅུ་དགུ་དང་སྐར་མ་ང་བརྒྱད་སྟེང་སྤྲོ་སྐྱིད་ལྡན་པའི་རོལ་མོ་དང་ལྷན་དུ་ཞི་ཅིན་ཕེན་དང་ཁོང་གི་ལྕམ་མོ་ཕིན་ལིས་ཡོན་དང་རྒྱལ་སྤྱིའི་ཨོ་ལིན་ཕེ་ཁི་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཐོ་མ་སི་པ་ཧི་དང་ཁོའི་ལྕམ་མོ་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་པ་དང་། ཞི་ཅིན་ཕེན་གྱིས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་ཕྱག་བརྡ་གནང་བས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

དུས་ཚོད་ཉི་ཤུ་དང་སྐར་མ་ལྔའི་སྟེང་རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་དང་གསུམ་ནས་ཡོང་བའི་ལུས་རྩལ་པ་འཕྲོ་རིམ་འཕྲོར་ཚོགས་རར་ཐོན་པ་དང་སྦྱིན་བདག་རྒྱལ་ཁབ་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཚོགས་རར་ཐོན་རྗེས། ཞི་ཅིན་ཕེན་གྱིས་ཚང་མར་ཕྱག་བརྡ་གནང་བ་དང་མཉམ་དུ་ཚོགས་ར་ཡོངས་སུ་ཡང་བསྐྱར་ཐལ་མོ་རྡེབ་སྒྲས་ཁེངས། ཀྲུང་གོའི་འཐུས་ཚབ་ཚོགས་པར་བསྡོམས་པས་མི་བརྒྱ་དང་བརྒྱད་ཅུ་ཡོད་པ་དང་ལུས་རྩལ་པ་བརྒྱ་དང་ཉེར་གསུམ་ཡོད་ལ། སྐབས་འདིའི་ན་གཞོན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ལུས་རྩལ་པ་ཆེས་མང་བའི་འཐུས་ཚབ་ཚོགས་པ་རེད།

ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་། ནན་ཅིན་ན་གཞོན་ཨོ་ལིན་ཕེ་ཁི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིས་ཞོ་ཡུང་གིས་ཤིས་ཚིག་ཕུལ་བར་མ་ཟད་ནན་ཅིན་ན་གཞོན་ཨོ་ལིན་ཕེ་ཁི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་སོ་སོ་ནས་ཡོང་བའི་ལུས་རྩལ་པ་དང་རྩལ་ཁྲིད་པ། མགྲོན་པོ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

དུས་ཚོད་ཉི་ཤུ་དང་སྐར་མ་ང་གཅིག་སྟེང་ཞི་ཅིན་ཕེན་གྱིས་དབྱར་ཁའི་ན་གཞོན་གྱི་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་དངོས་སུ་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་མཛད།

པི་རུན་ཏི་རྒྱལ་ཁབ་ཀྱི་ཙུང་ཐུང་ཨུན་ཁུའུ་ལུང་ཅི་ཀྲ་དང་ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ཐུང་ནེ་ལ་ཏེ་ཁའོ། མར་ཏི་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་ཡ་མེན། ཧེ་ཧྲན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་ཡ་ནོ་ཝེ་ཆི། སེང་ག་ཕོར་གྱི་ཙུང་ཐུང་ཁྲིན་ཆིན་ཡན། ཝ་ནུ་ཨ་ཐུ་རྒྱལ་ཁབ་ཀྱི་ཙུང་ལི་ན་ཐུའུ་མན། མོ་ན་ཀི་རྒྱལ་ཁབ་ཀྱི་མགོ་གཙོ་རྒྱལ་རྒྱུད་ཨ་ཨར་པེ་སྐུ་ཕྲེང་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན། རྒྱལ་སྤྱིའི་ཨོ་ལིན་ཕེ་ཁི་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི་ཡ་ཁི་ལོ་ཀི་དང་ཁོའི་ལྕམ་མོ་སོགས་ལུས་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་ཞུགས།

ནན་ཅིན་ན་གཞོན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་མཇུག་རྫོགས་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག