མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་མི84000ལ་ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-16 12:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་པུའི་པུའུ་ཀྲང་ཧྭང་ཧྲུའུ་ཞན་གྱིས་སྤྱི་ཚེས14ཉིན་པེ་ཅིན་དུ་སྐོང་ཚོགས་བྱས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་རིམ་ཞིབ་བསྡུར་ཚོགས་འདུའི་ཐོག ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་མི84000ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་དང་། ལོ་གོང་མའི་དུས་མཚུངས་དང་བསྡུར་ན་འཕར་ཚད30%ལས་བརྒལ་ཡོད་ཅེས་བསྟན།

ཧྭང་ཧྲུའུ་ཞན་གྱིས་ཏང་གི་ཚོགས་ཆེན18པ་ཚོགས་ཚུན། ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་མཐོ་ཚད་གསར་པའི་ཐོག་བསྐྱལ་ཡོད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་། རུལ་སུངས་ལ་ཆད་པ་གཅོད་པ་དང་བཅོས་སྒྲིག་བྱེད་པའི་མཐོ་གནོན་གནས་བབ་རྒྱུན་འཁྱོངས་བྱེད་པ། དབང་ཆ་འཁོར་རྒྱུག་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་གཞི་གསར་གཏོད་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཡོད་པས། གོང་འཕེལ་གཏིང་ཟབ་འགྲོ་བའི་འཕེལ་ཕྱོགས་བཟང་པོ་ཐོན་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག