མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོ་བཅུ་བཞི་དང་གསར་འགྱུར་ལས་རིགས་མི་སྣས་གསང་སྲུང་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-16 12:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས14ཉིན་གྱི་ཕྱི་དྲོར། ཁྲིམས་ལུགས་ཉིན་རེའི་ཚགས་པར་ཁང་དང་ཚགས་པར་ཁང་གི་གསར་འགོད་པ་ཡོངས་ཀྱིས་གསང་སྲུང་ཁས་ལེན་ཡི་གེ་དང་། ལས་འགན་བྱ་སྤྱོད་ཀྱི་ཆ་འཕྲིན་གསང་སྲུང་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། མིག་སྔར་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོ་བཅུ་བཞི་ཡིས་གྲོས་མཐུན་ལ་མིང་རྟགས་འགོད་པའི་ལས་ཀ་འགོ་བརྩམས་ཡོད་པ་རེད།

རྒྱལ་ཁབ་གསར་འགྱུར་པར་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱི་གསར་འགྱུར་ཚགས་པར་སིའི་འབྲེལ་ཡོད་འགན་ཁུར་པས་ཉེ་བའི་ལོ་ཤས་ནང་། གསར་འགྱུར་ལས་རིགས་ཀྱི་མི་སྣས་འགན་གནས་གང་འདོད་དུ་བེད་སྤྱོད་གཏོང་བའི་གནས་ཚུལ་ཐོན་རྒྱུ་ཡོད་པས། གསར་འགྱུར་ལས་རིགས་ཀྱི་མི་སྣའི་འགན་གནས་བྱ་སྤྱོད་ཆ་འཕྲིན་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ་ནི་དུས་བབ་གསར་པའི་འོག་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་དང་གསར་འགྱུར་བརྒྱུད་སྤེལ་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུའི་རེ་འདུན་ཡིན་པ་མ་ཟད། གསར་འགྱུར་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་འགན་སྲུང་བྱས་པ་ཞིག་ཀྱང་ཡིན་ཞེས་བཤད་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག