མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་བྱང་ཤར་གྱི་ཞིང་ལྗོངས་བཞིས་ཐན་འགོག་དང་སྟོན་འབྲུ་སྲུང་སྐྱོང་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-16 12:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཞིང་ལས་པུས་སྐོང་འཚོགས་བྱས་པའི་ཐན་འགོག་དང་སྟོན་འབྲུ་སྲུང་སྐྱོང་བྱེད་པའི་བརྙན་མཐོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་པར། མིག་སྔར་བྱང་ཤར་གྱི་ཞིང་ལྗོངས་བཞིར་ཐན་པ་རྒྱ་ཡན་དུ་འགྲོ་བཞིན་ཡོད་པས། ལེང་ཉིང་ཞིང་ཆེན་གྱི་ཐན་ཕོག་ས་ཞིང་ཆ་ཤས་སྐམ་པོར་གྱུར་ཡོད་པ་དང་། ཅི་ལིང་ཞིང་ཆེན་གྱི་ཐན་ཕོག་ས་ཞིང་ཆ་ཤས་སྟོན་འབྲུ་རྐང་གཅིག་ཀྱང་བསྡུ་རྒྱུ་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད། བསྟུད་མར་བྱུང་བའི་ཐན་པས་ལོ་ཏོག་སྐྱེ་འཕེལ་ལ་གནོད་པ་ཆེན་པོ་བཟོས་ཡོད་པ་རེད།

ལེང་ཉིང་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཛ་དྲག་ངང་ཐན་འགོག་མ་དངུལ་སྒོར་བྱེ་བ7གཤམ་སྤྲོད་བྱས་ཡོད་པ་མ་ཟད། སྤྱི་ཟླ8པའི་ཚེས11ཉིན་དུ་ཐན་འགོག་འཕྲལ་བསྟུན་གྱི་རིམ་པ་དེ་རིམ་པ་བཞི་པ་ནས་རིམ་པ་གསུམ་པར་ཡར་སྤར་ཡོད་པ་རེད། ཅི་ལིང་ཞིང་ཆེན་དང་། ནང་སོག་རང་སྐྱོང་ལྗོངས། ཧེ་ལུང་ཅང་ཞིང་ཆེན་བཅས་ཀྱིས་ཀྱང་ཛ་དྲག་བྱ་སྤྱོད་སྤེལ་ནས། ཞིང་ལས་ཐན་འགོག་གནོད་སེལ་བཀོད་འདོམས་ཚོགས་འདུ་ཚོགས་པ་རེད། ཐན་འགོག་དང་སྟོན་འབྲུ་སྲུང་སྐྱོང་གི་ལས་ཀ་ནི་ཡུན་ཙམ་ཡང་ནར་འགྱངས་བྱེད་མི་རུང་བ་ཞིག་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག