མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁོར་ཡུག་སྲུང་སྐྱོབ་པུས་ལྟ་ཞིབ་ཚོད་འཛིན་གྲངས་གཞི་རྫུན་བཟོ་བྱེད་པར་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-16 12:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོར་ཡུག་སྲུང་སྐྱོབ་པུས་ཉིན་ཤས་གོང་ད་ལོའི་ལོ་སྟོད་ཀྱི་སྦགས་བཙོག་ཐོན་སའི་ལྟ་ཞིབ་ཚོད་འཛིན་གྲངས་གཞིའི་བརྒྱུད་སྤྲོད་ནུས་པ་ཐོན་ཚད་དཔྱད་དཔོག་ལས་དོན་ཐད་བརྡ་ཁྱབ་བཏང་ཡོད་པ་རེད། བརྡ་ཁྱབ་ལས་མངོན་པར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། ཧུའུ་ནན་ཞིང་ཆེན། ཧྲན་ཞི་ཞིང་ཆེན་བཅས་ཀྱི་གྲངས་གཞི་བརྒྱུད་སྤྲོད་ནུས་པ་ཐོན་ཚད0.03%དང་། 22.66%། 45.05%བཅས་ལས་ཟིན་གྱི་མེད་པ་དང་། ཕྲེང་གྲལ་གྱི་མཇུས་ཤོས་ཡིན་པས་ཕྲེང་གྲལ་གྱི་མདུན་དུ་ཡོད་པའི་ཧེ་ནན་དང་། པེ་ཅིང་། ཀུའེ་ཀྲོའུ་སོགས་ཞིང་ཆེན་གྱི་ནུས་པ་ཐོན་ཚད90%ཡན་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པ་རེད། བརྡ་ཁྱབ་ནང་། ལྟ་ཞིབ་ཚད་ལེན་ལག་རྩལ་ཐད་འདེགས་སྐྱོར་དང་མཛུབ་ཁྲིད་བྱས་པ་ཕུད། ཁོར་ཡུག་སྲུང་སྐྱོབ་པུས་གྲངས་གཞི་བརྒྱུད་སྤྲོད་ཀྱི་བདེ་འཇགས་དང་ཡིད་ཆེས་བྱེད་ཆོག་པར་འགན་ལེན་བྱེད་པ་མ་ཟད། སྦགས་བཙོག་ཐོན་སའི་རང་འགུལ་ལྟ་ཞིབ་ཚོད་འཛིན་གྲངས་གཞི་རྫུན་བཟོ་བྱེད་མཁན་ལ་རྡུང་རྡེག་ནན་པོ་གཏོང་དགོས་ཞེས་དམིགས་གསལ་ནན་བཤད་བྱས་ཡོད་པ་རེད།

བརྡ་ཁྱབ་ནང་། སྤྱི་ཟླ9པའི་ཚེས30ཉིན་གྱི་གོང་དུ། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་གཙོ་གནད་སྦགས་བཙོག་ཐོན་སའི་རང་འགུལ་ལྟ་ཞིབ་ཚོད་འཛིན་མ་ལག་དང་གྲངས་གཞི་བརྒྱུད་སྤྲོད་ཀྱི་ནུས་པ་ཐོན་ཚད་དཔྱད་དཔོགས་བྱེད་པར་ངེས་པར་དུ་རྒྱལ་ཐོན་མཉེན་ཆས་བེད་སྤྱད་ནས་ཁོར་ཡུག་སྲུང་སྐྱོབ་པུས་བཙུགས་ཟིན་པའི་ཁོར་ཡུག་སྲུང་སྐྱོབ་གློག་རྡུལ་སྲིད་དོན་ཆེད་དོན་དྲ་བ་བརྒྱུད་འཁོར་རྒྱུག་དང་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཁྱབ་ནང་། སྦགས་བཙོག་ཐོན་སའི་རང་འགུལ་ལྟ་ཞིབ་ཚོད་འཛིན་གྲངས་གཞི་རྫུན་བཟོ་བྱེད་པར་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན་པ་དང་། ལས་ཡུལ་དངོས་སུ་ལྟ་ཞིབ་ཚོད་འཛིན་གྲངས་གཞི་མེད་པ་བཟོ་བ་དང་། བཟོ་བཅོས་བྱེད་པ། མང་དུ་གཏོང་བ་བཅས་བྱེད་མི་ཆོག རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་གཙོ་གནད་སྦགས་བཙོག་ཐོན་སའི་ལྟ་ཞིབ་ཚོད་འཛིན་གྲངས་གཞི་ཁ་གསབ་བྱེད་པ་དང་། ལག་ཁྱེར་ལ་བརྟེན་ནས་བརྒྱུད་སྤྲོད་བྱེད་པ་སོགས་ཀྱི་ལས་དོན་གྲུབ་པར། ངེས་པར་དུ་འགན་འཁྲི་དང་ཚད་གཞི་ལྟར་རིམ་ཁག་སྦགས་བཙོག་ཐོན་སའི་ལྟ་ཞིབ་ཚོད་འཛིན་ལྟེ་གནས་ཀྱིས་བཀོད་སྒྲིག་བྱས་པའི་རྒྱལ་ཐོན་མཉེན་ཆས་ཐོག་སྤེལ་དགོས་པ་དང་། གོང་གི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ནས་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

དེ་མིན། ཁོར་ཡུག་སྲུང་སྐྱོབ་པུས་ལོ་སྨད་དུ་སྦགས་བཙོག་ཐོན་སའི་རང་འགུལ་ལྟ་ཞིབ་ཚོད་འཛིན་མ་ལག་རྫུན་བཟོ་བྱེད་པར་རྡུང་རྡེག་གཏོང་རྒྱུས་གཙོ་བོ་བྱེད་པའི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་སྒྲིག་འཛུགས་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག