མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིན་ཧྭ་གསར་འགྱུར་ཁང་གིས«ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་རྒྱང་དུ་སྐྱོད་པའི་དེད་དཔོན་ཏེ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བའི་དཔྱད་བརྗོད»སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གིས་ཚེས་བཅུ་བཞི་ཉིན་ཁ་ཡིག་ལ«ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་རྒྱང་དུ་སྐྱོད་པའི་དེད་དཔོན་ཏེ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བའི་དཔྱད་བརྗོད།»ཅེས་པ་སྤེལ་ནས། ད་ལོར་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དང་ཀྲུང་གོའི་དཔལ་འབྱོར་ཉམས་ཞན་གྱི་གནོན་ཤུགས་ཇེ་ཆེར་སོང་བ་སོགས་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་ཁོར་ཡུག་འོག་ཏུ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་རྟོག་དཔྱོད་ཟབ་མོ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་ཆེན་ལ་ངོས་འཛིན་ཡང་དག་བྱས་ཏེ། བརྟན་བརླིང་གི་འཐབ་ཇུས་ཆོད་སེམས་དང་། འགྱུར་མེད་ཀྱི་ཚན་རིག་འཕེལ་རྒྱས་ཀྱི་འདུ་ཤེས། བླ་མེད་ཀྱི་ཁྱོན་ཡོངས་ལ་ཁ་ལོ་བསྒྱུར་ནུས་པ་བཅས་ལ་བརྟེན་ནས། ཆེ་ཕྱོགས་སྙོམས་སྒྲིག་གི་བྱེད་ཐབས་གསར་སྐྲུན་དང་། གྲུབ་ཚུལ་ལེགས་སྒྲིག་ལ་བློ་རྩ་བརྟན་པོས་སྐུལ་འདེད། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་འབད་བརྩོན་བཅས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་དང་ལུགས་མཐུན་སྒོས་འཕར་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་འགྲོ་བ། དམངས་འཚོ་ལེགས་བཅོས་གཟབ་ནན་དང་ཤུགས་ཡོད་སྒོས་སྤེལ་བ་བཅས་ལ་ཁྲིད་སྟོན་བྱས་པ་རྒྱས་བཤད་བྱས་ཡོད།

དཔྱད་བརྗོད་ལས། དཔལ་འབྱོར་གནས་བབ་ཀྱི་རླུང་འཚུབ་དྲག་ཏུ་གཡུགས་ནའང་། བཅོས་སྒྱུར་གྱི་རླབས་ཕྲེང་ལ་འགོག་ཐབས་གཏན་ནས་མེད། ཀྲུང་གོའི་དཔལ་འབྱོར་ད་ལྟ་སྒྱུར་བཅོས་ཟབ་མོ་ཞིག་བརྒྱུད་བཞིན་ཡོད་པ་དང་། ལོ་རྒྱུས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཁྲོད་ཕྱིར་དྲན་གྱི་རིན་ཐང་ལྡན་པའི་དུས་སྐབས་འདི་ཟིན་ཐོར་འགོད་ངེས། མ་འོངས་པར་རྒྱང་བལྟ་བྱས་ཚེ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ང་ཚོས་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་དོ་མཉམ་ས་ཡང་དག་པར་འཚོལ་བ་དང་། ཉེ་དུས་ཀྱི་དམིགས་འབེན་དང་ཡུན་རིང་འཕེལ་རྒྱས་ཀྱི་ཟུང་འབྲེལ་བྱེད་ས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱས་ནས། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པ་ཤ་སྟག་ཡིན་ཞེས་བསྟན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག