མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཤར་བྱང་སོགས་ས་ཁུལ་གྱི་ཐན་འགོག་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་ཚད་ཆེས་མཐོ་བའི་སྒོ་ནས་གྱོང་གུད་ཇེ་ཆུང་དུ་གཏོང་དགོས་ཞེས་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དེང་སྐབས་ཤར་བྱང་སོགས་ས་ཁུལ་གྱི་ཐན་འགོག་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ཤར་བྱང་ནི་སྟོན་འབྲུ་ལ་ལོ་ལེགས་འབྱུང་བར་ཁག་ཐེག་བྱེད་པའི་ས་ཁུལ་གལ་ཆེན་ཡིན་པས། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱིའི་བཀོད་འདོམས་གཞུང་སྒྲུབ་ཁང་གིས་མུ་མཐུད་རྒྱུན་འཁྱོངས་ལྷོད་མེད་སྒོས་འབྲེལ་ཡོད་ས་གནས་ཀྱིས་ཐན་འགོག་གནོད་སེལ་བྱ་བ་སྒྲུབ་པར་མཛུབ་སྟོན་བྱས་ཏེ། བྱེད་ཐབས་སྣ་མང་མཉམ་དུ་སྤྱད་ནས་ཚད་ཆེས་མཐོ་བའི་སྒོ་ནས་ཐན་སྐྱོན་གྱི་གནོད་པ་དང་གྱོང་གུད་ཇེ་ཆུང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། ཙུང་ལི་གཞོན་པ་ཝང་ཡཱང་གིས་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཤར་བྱང་སོགས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཐན་འགོག་དང་ལོ་ཏོག་སྲུང་སྐྱོབ་བྱ་བ་དམ་འཛིན་བཟང་པོ་བྱེད་དགོས་པ་དང་། མང་ཚོགས་ཀྱི་བཏུང་ཆུའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱིའི་བཀོད་འདོམས་ཁང་གི་སྤྱིའི་བཀོད་འདོམས་པ། ཆུ་བེད་པུའུ་ཡི་པུའུ་ཀྲང་ཁྲིན་ལེ་ཡིས་མགོ་འཛིན་བྱས་ཏེ་རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱིའི་བཀོད་འདོམས་ཁང་གི་གྲོས་ཚོགས་བསྡུས་ཏེ། ཙུང་ལི་ལིས་ཁི་ཆང་དང་ཙུང་ལི་གཞོན་པ་ཝང་ཡཱང་རྣམ་གཉིས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཐན་སྐྱོན་གྱི་གནས་བབ་ལ་སྔར་ལས་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་མ་ཟད། དེང་སྐབས་ཀྱི་ཐན་འགོག་བྱ་བར་བཀོད་སྒྲིག་བྱས།

ཁྲིན་ལེ་ཡིས་ཙུང་ལི་ལིས་ཁི་ཆང་དང་ཙུང་ལི་གཞོན་པ་ཝང་ཡཱང་རྣམ་གཉིས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཐན་སྐྱོན་ཆེན་པོ་འགོག་པ་དང་ཡུན་རིང་གི་ཐན་སྐྱོན་འགོག་པར་དམིགས་ནས། ཐན་སྐྱོན་བྱུང་སས་ཐན་འགོག་བྱ་བར་སྔར་ལས་ཤུགས་སྣོན་པར་རྩ་འཛུགས་དང་མཛུབ་སྟོན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་བཏུང་ཆུའི་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ། ད་ལོའི་སྟོན་འབྲུ་ལ་ལོ་ལེགས་འབྱུང་བར་འབད་བརྩོན་བྱེད་དགོས་ཏེ། གཅིག་ནས་ཐན་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་པར་སྔར་ལས་ཤུགས་སྣོན་དགོས། གཉིས་ནས་ཆུ་ཁུངས་ལ་ཚན་རིག་དང་མཐུན་པའི་རྟོག་ཞིབ་བཀོད་སྒྲིག་བྱེད་པར་སྔར་ལས་ཤུགས་སྣོན་དགོས། གསུམ་ནས་མིའི་བཏུང་ཆུའི་དཀའ་ཁག་སེལ་བའི་བྱེད་ཐབས་སྔར་ལས་དངོས་འབེབས་བྱེད་དགོས། བཞི་ནས་ཞིང་ལས་ཐན་འགོག་བྱ་བར་སྔར་ལས་ཤུགས་སྣོན་དགོས། ལྔ་ནས་ཐན་འགོག་གི་ཞབས་ཞུ་དང་རྩ་འཛུགས་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས། དྲུག་ནས་ཐན་སྐྱོན་ཚབས་ཆེ་སར་རྒྱབ་སྐྱོར་དང་མཛུབ་སྟོན་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཞེས་རེ་བ་དྲུག་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག