མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་འགག་སྒོས་ཨའེ་པོ་ལ་ནད་རྒྱལ་ནང་དུ་འཛུལ་རྒྱུར་ལྟ་སྐུལ་དོ་དམ་ནན་པོ་བྱ་རྒྱུ་ཡིན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-14 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སྤྱི་ཚེས་12ཉིན་ཤེས་རྟོགས་བྱུང་བར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བརྡ་ཐོ་བཏང་ནས། རྒྱལ་ཡོངས་ཀྱི་འགག་སྒོས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཨའེ་པོ་ལ་ནད་ཡམས་རྒྱལ་ནང་དུ་འཛུལ་རྒྱུར་བཀག་འགོག་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་། ནད་ཡམས་ཐོན་ཁུལ་ནས་ཡིན་པའི་སྐྱེལ་འདྲེན་ཡོ་ཆས་དང་། དངོས་ཟོག དངོས་པོ་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་དོ་དམ་བྱེད་པ་དང་། འགག་སྒོའི་ཞིབ་དཔྱད་དང་ནད་ཡམས་ཞིབ་བཤེར་ཚན་པས་ཤེས་རྟོགས་བྱུང་བའི་དོགས་ཡོད་ནད་པར། འགག་སྒོས་ཞིབ་དཔྱད་དང་ནད་ཡམས་ཚོད་འཛིན་ཚན་པས་དོགས་ཡོད་ནད་པའི་རྡོག་ཕྲེས་ལ་དུག་སེལ་བྱེད་པ་དང་། ལོག་དབྱེ་བྱེད་པ་སོགས་དོ་དམ་བྱ་ཐབས་བཟུང་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་དང་། དེ་དང་དུས་མཚུངས་སུ། རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་རོགས་སྐྱོར་བྱས་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ཐད་སྤྱོད་པའི་སྨན་བཅོས་ཡོ་ཆས་དང་། འགོག་སྲུང་སྤྱོད་ཆས། སྨན་རྫས། བཟའ་རིགས་སོགས་དངོས་ཟོག་ཐད། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས། འགག་སྒོས་སྔོན་ལ་འགག་སྒོ་གྲོལ་བའི་འགྲོ་ལུགས་གཉེར་དགོས་པ་དང་། ཨ་ཧྥེ་རི་ཁ་གླིང་ལ་རྒྱབ་སྐྱོར་བྱེད་མཁན་ས་ཁོངས་གྲོལ་མཁན་གྱི་སྨན་བཅོས་རུ་ཁག་དང་རིག་གཅིག་མཁས་པར། རང་འགུལ་ངང་འགག་སྒོ་གྲོལ་བའི་སྟབས་བདེ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཀོང་ཀྲེས། འགག་སྒོས་ནད་ཡམས་མགྱོགས་མྱུར་རྒྱ་ཆེར་འགྲོ་བའི་གནས་ཚུལ་དང་འགག་སྒོས་འགག་སྒོ་གྲོལ་མཁན་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་བཟོས་པའི་ཤུགས་རྐྱེན་ལ་ཚད་མཐོའི་དོ་ཁུར་བྱེད་པ་དང་། འགག་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་པས་གཙོ་བོ་བྱེད་པའི་སྔོན་འགོག་ཚོད་འཛིན་ཐབས་ཇུས་དོན་འཁྱོལ་བྱེད་པ་མ་ཟད། འགོག་སྲུང་ཤེས་བྱ་ཁྱབ་བརྡལ་བཏང་ནས། འགག་སྒོའི་ལས་མིའི་ནད་ཡམས་སྔོན་འགོག་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག