མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་འཕྲིན་ཡིག་བསྐུར་ནས“ཀྲུང་གོ་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་ས་ནས་ཚོགས་པར་རྟེན་འབྲེལ་ཞུས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི“ཀྲུང་གོ་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་ལྷ་ས་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་འཕྲིན་ཡིག་བསྐུར་ནས་འཕེལ་རྒྱས་གླེང་སྟེགས་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས།

ཡུས་ཀྲིན་ཧྲིན་གྱིས་འཕྲིན་ཡིག་ནང་གསུངས་རྒྱུར། བོད་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། བོད་ལྗོངས་དངོས་སུ་དེང་རབས་དཔལ་ཡོན་གྱི་ལམ་དུ་བསྐྱོད་མགོ་ཚུགས་ཤིང་ཞི་བའི་བཅིངས་འགྲོལ་དང་དམངས་གཙོ་བཅོས་སྒྱུར། རང་སྐྱོང་ལྗོངས་བཙུགས་པ། བཅོས་སྒྱུར་སྒོ་འབྱེད་སོགས་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་བརྒྱུད་མྱོང་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་དང་ཀྲུང་གོའི་གནས་ཚུལ་ལ་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་མ་ཟད། སྲོལ་རྒྱུན་དང་དེང་རབས་མཉམ་འབྲེལ་བྱེད་པའི་བོད་ལྗོངས་གསར་བ་ཞིག་འཛམ་གླིང་ཡོངས་ཀྱི་མིག་མདུན་དུ་མངོན་ཡོད། ད་ལྟ་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ཟེར།

ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། གནས་བབ་གསར་བའི་འོག་ཏུ་བོད་ལྗོངས་ཀྱི་འཕེལ་རྒྱས་དེ་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་དང་འཕྲད་ཡོད། གླེང་སྟེགས་ལ་ཞུགས་པའི་མི་སྣས་བོད་ལྗོངས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་གསར་བ་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ནས། བོད་ལྗོངས་ཀྱི་འཕེལ་རྒྱས་ཐད་ལ་རིན་ཐང་བྲལ་བའི་བསམ་བློ་དང་བློ་གྲོས་འདོན་སྤྲོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག