མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེད་མཁས་པས་ཨའེ་པོ་ལ་ནད་དུག་དྲོད་ཚད་མཐོ་པོའི་འོག་མེད་པ་ཆགས་ཀྱི་ཡོད་ཅེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-14 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ནད་དུག་ཁང་གི་འགོ་འཛིན་གཞོན་པ་ཏུང་ཞའོ་ཕིང་གིས་སྤྱི་ཚེས་12ཉིན། ཨའེ་པོ་ལ་ནད་དུག་གི་ཁྱད་ཆོས་ཅུང་བརྟན་པོ་ཡོད་པ་དང་། ཨའེ་ཙེ་ནད་དང་། ཆམ་རིམས་ལྟར་འགྱུར་བ་མང་བ་དང་ཚོད་འཛིན་བྱེད་ཁག་པོ་མེད། ནད་དུག་དེ་རིགས་ལ་དོགས་ཟོན་བྱེད་དགོས། འོན་ཀྱང་ཞེད་སྣང་བྱེད་དགོས་དོན་མེད་ཅེས་བསྟན་ཡོད་པ་རེད།

ཏུང་ཞའོ་ཕིང་གིས་ངོ་སྤྲོད་གནང་བར་གཞིགས་ན། ཨའེ་པོ་ལ་ནད་དུག་ནི་མི་དང་ཕྱུག་གཉིས་ཀར་འགོས་པའི་ནད་དུག་ཞིག་ཡིན་པ་དང་། འབྲེལ་ཡོད་ནད་པའི་ཁྲག་དང་། ལུས་གཤེར། ཟགས་ཐོན་དངོས་རྫས་སོགས་སམ་ཨའེ་པོ་ལ་ནད་ཕོག་ནས་ཤི་བའི་སྲོག་ཆག་གི་ཕུང་པོར་ཐུག་ཚེ། ནད་དེ་འགོས་བཟོ་ཡོད་པ་རེད།

ཞེད་སྣང་ཆེ་བའི་ནད་དེར་ཁ་གཏད་གང་འདྲ་གཅོག་དགོས་སམ་ཞེས་ན། ཏུང་ཞའོ་ཕིང་གིས། ཨའེ་པོ་ལ་ནད་དུག་དེ་དྲོད་ལ་ཚོར་སྣང་རྐྱེན་པོ་ཡོད་པ་དང་། དྲོད་ཚད་ཏུའུ་60འོག་ཆུ་ཚོད་གཅིག་སོང་ཚེ་མེད་པ་ཆགས་ཀྱི་ཡོད་པ་དང་། སྐར་མ་ལྔ་བཙོས་ཚེ་ནད་དུག་མེད་པ་བཟོ་ཐུབ་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་འཕྲོད་བསྟེན་སྟབས་བསྟུན་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཤང་ཉི་ཅོན་གྱིས། མིག་སྔའི་བར་སླེབས་སྐབས། རང་རྒྱལ་གྱི་སྤྱི་དམངས་ལ་ནད་དུག་དེ་འགོས་པའི་ནད་དཔེ་མེད་པ་རེད། རང་རྒྱལ་གྱིས་ས་ཁོངས་ནང་འཛུལ་བའི་ནད་ཡམས་ཞིབ་བཤེར་དང་འབྲེལ་ཡོད་ལྟ་ཞིབ་ཚད་ལེན། སྔོན་འགོག་ཚོད་འཛིན་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག