མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁོར་ཡུག་སྲུང་སྐྱོབ་པུས་སྤྱི་པའི་བྱ་སྤྱོད་ཚད་གཞི་ཡོངས་བསྒྲགས་བྱས་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-14 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོར་ཡུག་སྲུང་སྐྱོབ་པུའི་དྲ་ཚིགས་ཐོག་ཆ་འཕྲིན་སྤེལ་བར་གཞིགས་ན། ཁོར་ཡུག་སྲུང་སྐྱོབ་པུས་ཉེ་ཆར་སྤྱི་དམངས་ཀྱི་བྱ་སྤྱོད་ཚད་གཞི་ཞེས་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། སྤྱི་དམངས་ནས་ཐན་ཉུང་དང་། སྦགས་བཙོག་མེད་པའི་འཚོ་བའི་བྱ་ཐབས་དང་མཛད་སྤྱོད་བྱ་ཐབས་ལག་བསྟར་བྱེད་པ་དང་། རླུང་ཁམས་ཆེན་པོའི་སྦགས་བཙོག་བཅོས་སྒྲིག་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་བྱས་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོབ་པུའི་འབྲེལ་ཡོད་འགན་འཁུར་བས། ཚད་གཞི་དེ་བཟོ་བར་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་འཛུབ་ཁྲིད་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ། སྤྱི་དམངས་ནས་ཞུགས་རྒྱུར་སྐུལ་སློང་བྱེད་པ་མ་ཟད་ཁོར་ཡུག་སྲུང་སྐྱོབ་བྱེད་པས་གཞི་འཛིན་ས་བྱས་ཡོད། ཚད་གཞི་དེའི་ནང་ཕྱོགས་བརྒྱད་ཐད་ཀྱི་ནང་དོན་ཡོད་པ་སྟེ། ཁག་སོ་སོར། མཁའ་རླུང་སྤུས་ཚད་ལ་དོ་ཁུར་བྱེད་པ་དང་། བདེ་ཐང་ལ་སྲུང་སྐྱོབ་བྱེད་པ། དུ་བ་དང་ཐལ་རྡུལ་འབུད་བཤངས་ཉུང་དུ་གཏོང་བ། ཐན་ཉུང་གི་འགྲོ་སྐྱོད་རྒྱུན་འཁྱོངས་བྱེད་པ། སྦགས་བཙོག་མེད་པའི་མཛད་སྤྱོད་གདམ་ག་བྱེད་པ། གློག་གྲོན་ཆུང་གི་གོམས་གཤིས་ཆགས་པ། སྦགས་བཙོག་བཟོ་བའི་བྱ་སྤྱོད་ཐེར་འདོན་བྱེད་པ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པ་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག