མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་སོགས་དོན་གནད་ཁག་གཅིག་བསྐྱར་དུ་མེད་པ་བཟོ་བ་དང་ལེགས་སྒྲིག་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-08-14 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་སོགས་དོན་གནད་ཁག་གཅིག་བསྐྱར་དུ་མེད་པ་བཟོ་བ་དང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམས་པའི་ནང་སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་45བསྐྱར་དུ་མེད་པ་བཟོ་བ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་དང་།ལས་རིགས་ཐོབ་ཐང་ཆོག་འཐུས་དང་ཁས་ལེན་གྱི་རྣམ་གྲངས་11མེད་པ་བཟོ་རྒྱུ།བཟོ་ཚོང་ཐོ་འགོད་མ་བྱས་གོང་གི་ཞིབ་མཆན་འགོད་པའི་དོན་གནད་ཁག་31ཐོ་བཀོད་རྗེས་ཞིབ་མཆན་འགོད་རྒྱུར་བསྒྱུར་རྒྱུ་བཅས་ཡིན་ལུགས་འཁོད་ཡོད།

ད་རེས་སྲིད་འཛིན་ཞིབ་མཆན་གྱི་དོན་གནད་ཁག་མེད་པ་བཟོ་བ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་དེ་དག་མ་འཇོག་དང་།ལས་གཏོད།གསར་གཏོད།ལས་ཞུགས་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་དོན་གནད་ཁག་30ཙམ་ཟིན་པ་དེས་གསུམ་ཆ་གཉིས་བཟུང་བ་དཔེར་ན།“ཁེ་སྤོགས་ཆུང་བའི་ཕྲན་ཚེགས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་གི་ཚད་གཞི་ལོངས་སུ་སྤྱོད་པ”དང་།“ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ལས་སྒྲོལ་ནས་བཙོངས་པའི་གཏེར་ཆུ་ཐོ་འགོད་བྱེད་པ”སོགས་ལྟ་བུ་དང་།སྤྱི་ཚོགས་རྩ་འཛུགས་དང་བྱ་གཞག་ཚན་པའི་ལས་སྒོའི་བྱེད་སྒོ་དང་འབྲེལ་བ་དོན་གནད་ཁག་10ཟིན་པ་དེས་20%བཟུང་བ་དཔེར་ན།“མཐོ་སློབ་ཀྱི་འབུམ་རམས་པའི་སློབ་གནས་སྤྲོད་ཡུལ་གྱི་ཚན་ཞིབ་ཀྱི་ཆེད་དོན་ཐེབས་རྩའི་མཆན་བཀོད”སོགས་ལྟ་བུ།ཁེ་ལས་ཀྱི་འོས་བབ་ཐོབ་ཐང་དང་འབྲེལ་བ་དོན་གནད་ཁག་5ཟིན་པ་དེས་10%བཟུང་བ་དཔེར་ན།“དྲ་སྦྲེལ་དྲ་མིང་གི་ཐོ་འགོད་པའི་ཞབས་ཞུའི་སྒྲིག་གཞི་འཛུགས་པའི་མཆན་འགོད”དང“སྐུད་མེད་གློག་ཆས་ཀྱི་དམིགས་བསལ་འགྱེད་འཕྲོའི་ཚད་གཞི་བརྟག་དཔྱད་སྒྲིག་གཞི་ཁས་ལེན”སོགས་ལྟ་བུ་ཡིན་པ་རེད།

ད་རེས་ཆེད་ལས་ལག་རྩལ་པའི་ཆོག་འཐུས་རིགས་ཀྱི་ལས་རིགས་ཐོབ་ཐང་མེད་པ་བཟོས་པ་དེ་དག་རྒྱལ་སྤྱིའི་ཚོང་དོན་དང་།སྤུས་ཚད།ཁྲལ་དོན།རྒྱུ་ནོར་ཚོད་སྐོར།ས་ཆ་ཐོ་འགོད།གཏེར་འདོན་དབང་ཆ་ཚོད་སྐོར།སྤུས་རྟགས་དོ་དམ་སོགས་ཆེད་ལས་ཀྱི་ཁྱབ་ཁོངས་མང་པོ་ཞིག་དང་འབྲེལ་བ་མ་ཟད།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་གནས་ཁག་གིས་བཟོས་པའི་ལས་རིགས་ཀྱི་ཐོབ་ཐང་སྣ་ཚོགས་མེད་པ་བཟོ་རྒྱུའི་ཐག་ཀྱང་བཅད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག