མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སུ་ཞིང་ལས་སྐྱེ་དངོས་མུའུ་ཁྲི་6589ལ་ཐན་སྐྱོན་ཕོག་པ་དང་ཆུ་ལོག་གི་གནོད་འཚེ་ཕོག་ཤུགས་སྤྱིའི་ཆ་ནས་ཆུང་དུ་ཕྱིན་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-08-14 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་འབྲུབ་དུས་འགོ་ཚུགས་པ་ནས་བཟུང་རྒྱལ་ཡོངས་སུ་ཆར་ཆུ་འབབ་ཚད་དེ་སྔ་ལས་ཅུང་ཉུང་བ་དང་ཆུ་ལོག་གི་གནོད་འཚེ་ཕོག་ཤུགས་སྤྱིའི་ཆ་ནས་ཆུང་དུ་ཕྱིན་པ་མ་ཟད་གནོད་འཚེ་ཕོག་ཁུལ་ཡང་བལྟོས་བཅས་ཀྱིས་གཅིག་སྡུད་ཆེ་བ་ཡོད།ཧོང་ཧོའེ་དང་།ཅང་ཧོའེ།འབྲི་ཆུའི་སྟོད་རྒྱུད་དང་དབུས་རྒྱུད་བཅས་དང་ཧྭ་པེ་དང་།ནུབ་བྱང་།བྱང་ཤར་བཅས་ཀྱི་ས་ཁུལ་ཁག་གཅིག་ཏུ་སྔ་རྗེས་སུ་དུས་མཚམས་རང་བཞིན་གྱི་དྲོད་ཚད་མཐོ་བའི་ཐན་པ་བསྟན་ཞིང་།གོང་ཚེས་ཉིན་བར་རྒྱལ་ཡོངས་སུ་ཞིང་ལས་སྐྱེ་དངོས་མུའུ་ཁྲི་6589ལ་ཐན་སྐྱོན་ཕོག་པ་དང་།མི་ཁྲི་235དང་ཕྱུགས་རིགས་ཆེ་གྲས་མགོ་གྲངས་ཁྲི་254ལ་ཐན་པ་བསྟན་པའི་རྐྱེན་གྱིས་འཐུང་ཆུ་དཀོན་པའི་དཀའ་གནད་འཕྲད་ཡོད་པ་རེད།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཧྲུའུ་ཆིང་ཕུང་གིས་དབྱེ་ཞིབ་བྱས་པར་གཞིགས་ན།འདི་ལོ་རྒྱལ་ཡོངས་སུ་ཞིང་ལས་སྐྱེ་དངོས་ཀྱི་ཐན་སྐྱོན་ཕོག་པའི་རྒྱ་ཁྱོན་དང་ཐན་པ་བསྟན་པའི་རྐྱེན་གྱིས་འཐུང་ཆུ་དཀོན་པའི་མི་ཕྱུགས་ཀྱི་གྲངས་འབོར་སོགས་ཐན་སྐྱོན་གྱི་ཚད་གཞི་གཙོ་བོ་ལོ་མང་གི་དུས་མཚུངས་ཀྱི་གྲངས་གཞི་ལས་དམའ་བ་ཡོད་མོད།འོན་ཀྱང་ས་ཁུལ་ཁག་གཅིག་ལ་འཐུང་ཆུ་དཀོན་པའི་གནད་དོན་ཧ་ཅང་མངོན་གསལ་དོད་པོ་ཡོད།ཐན་སྐྱོན་ཕོག་པའི་ཁོངས་གཏོགས་ཅུང་གཅིག་སྡུད་ཆེ་བ་དང་།ཧོ་ནན་དང་།ནང་སོགཧོ་པེ།ཧུའུ་པེ།ལེའོ་ཉིང་།ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་ཐན་སྐྱོན་ཕོག་པའི་རྒྱ་ཁྱོན་དང་འཐུང་ཆུ་དཀོན་པའི་མིའི་གྲངས་འབོར་གྱིས་རྒྱལ་ཡོངས་བསྡོམས་འབོར་གྱི་80%སོ་སོར་ཟིན་ཡོད།ཉེ་དུས་ཆར་ཆུ་བབས་པ་དེས་ལྷོ་ནུབ་ཀྱི་ལྷོ་རྒྱུད་དང་།ནུབ་བྱང་གི་ཤར་ལྷོའི་རྒྱུད།ཅང་ཧོའེ་དང་ཧོང་ཧོའེ་ཡི་ས་ཁུལ་ཁག་གཅིག་གི་ཐན་སྐྱོན་ཞི་ལྷོད་དུ་གཏོང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།ཅང་སུའུ་དང་།ཨན་ཧུའེ།ཧྲའན་ཤིས་སོགས་ཞིང་ཆེན་གྱི་ཐན་སྐྱོན་གཞི་རྩའི་ཆ་ནས་སེལ་ཐུབ་པ་བྱུང་བ་དང་།དོ་སྣང་བྱེད་འོས་པ་ཞིག་ལ་བྱང་ཤར་ནུབ་རྒྱུད་དུ་ཐན་སྐྱོན་ཕོག་འགོ་ཚུགས་པ་དང་འབྲེལ་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

གཞན་ཡང་འདི་ལོ་གཙང་པོ་དང་ཆུ་བོ་ཆེ་མོའི་འབྲུབ་ཆུ་རྒྱས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་།གཙང་པོ་འབྲིང་ཆུང་ཁག་གཅིག་ལ་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད་པ་རེད།རང་རྒྱལ་དུ་རྒྱ་མཚོའི་རླུང་འཚུབ་དྲག་པོ་གཅིག་མཇུག་གཉིས་མཐུད་ངང་ཐོན་ནས་ཀྲུང་གོའི་ལྷོ་རྒྱུད་དང་།ལྷོ་ནུབ།འབྲི་ཆུའི་ལྷོ་རྒྱུད་སོགས་ཀྱི་ས་ཆར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།ཆུ་ལོག་གི་གནོད་འཚེའི་ཐད་གནོད་འཚེ་ཕོག་ཁུལ་གཙོ་བོ་འབྲི་ཆུའི་ལྷོ་རྒྱུད་དང་ཀྲུང་གོའི་ལྷོ་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་གཅིག་སྡུད་བྱས་ཡོད་ཅིང་།ཟླ་8ཚེས་12ཉིན་བར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)28ཀྱི་མི་ཁྲི་5027ལ་ཆུ་ལོག་གི་གནོད་འཚེ་ཕོག་པ་དང་།ཐད་ཀར་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་1078ཕོག་ཡོད།2000ལོ་ནས་བཟུང་དུས་མཚུངས་ཀྱི་གྲངས་གཞི་དང་བསྡུར་ན་གནོད་འཚེ་ཕོག་པའི་མི་འབོར་བཅུ་ཆ་ལྔ་ཉུང་བ་ཡོད་པ་དང་ཞིང་ལས་སྐྱེ་དངོས་ཀྱི་གནོད་འཚེ་ཕོག་པའི་རྒྱ་ཁྱོན་བཅུ་ཆ་བཞི་ཉུང་དུ་ཕྱིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག