མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་དོན་ཁང་གིས“དུས་ཐོག་འཕྲིན་གཏོང་ཡོ་བྱད་ཧུར་ཐག་སྤྱད་དེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་བཞུགས་མོལ་ཚོགས་འདུ”འཚོགས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-08-12 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་8ཚེས་8ཉིན་རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་དོན་ཁང་གིས་པེ་ཅིང་དུ“དུས་ཐོག་འཕྲིན་གཏོང་ཡོ་བྱད་ཧུར་ཐག་སྤྱད་དེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་བཞུགས་མོལ་ཚོགས་འདུ”འཚོགས་ཤིང་། རྒྱལ་ཁབ་དང་ས་གནས་ཀྱི་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། དུས་ཐོག་འཕྲིན་གཏོང་ཡོ་བྱད་ཀྱི་ཁེ་ལས་འཐུས་མི།དེ་བཞིན་སྲིད་དོན་སྤྱི་དམངས་ཨང་གྲངས་དང་། སྨྱན་སྦྱོར་སྤྱི་དམངས་ཨང་གྲངས། མི་སྒེར་གྱི་སྨྱན་སྦྱོར་སྤྱི་དམངས་ཨང་གྲངས་བཅས་ཀྱི་འཐུས་མི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་ཞུགས་འཐུས་མི་ཚོས་ཇི་ལྟར་བྱས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཐོག་འཕྲིན་གཏོང་ཡོ་བྱད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་སྐྱོན་བྲལ་དང་གོ་རིམ་ལྡན་པའི་དྲ་རྒྱའི་བརྒྱུད་གཏོང་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་སྐོར་གྲོས་བསྡུར་བྱས་པ་རེད།

ཚེས་7ཉིན་རྒྱལ་ཁབ་འཕྲིན་སྦྲེལ་དྲ་བའི་ཆ་འཕྲིན་གཞུང་དོན་ཁང་གིས《དུས་ཐོག་འཕྲིན་གཏོང་ཡོ་བྱད་ཀྱི་སྤྱི་དམངས་ཆ་འཕྲིན་ཞབས་ཞུའི་འཕེལ་རྒྱས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས》བཏོན་པའི་དམིགས་ཡུལ་ནི་དུས་ཐོག་འཕྲིན་གཏོང་ཡོ་བྱད་ལ་ཚད་ལྡན་དོ་དམ་བྱ་ཆེད་རེད།དེའི་ཐད་ཐེང་ཞུན་ཀུང་སིའི་སྤྱི་ཁྱབ་གཞོན་པ་ཅང་དབྱང་གིས་གནས་སྐབས་ལག་བསྟར་གཏན་འབེབས་དེས་ཐེང་ཞུན་སོགས་དུས་ཐོག་འཕྲིན་གཏོང་ཡོ་བྱད་ཐོན་སྐྱེད་བཟོ་གྲྭ་དང་ཚོང་ཁང་ལ་སྐྱོན་ལྡན་པའི་ཆ་འཕྲིན་ཐག་གཅོད་བྱ་རྒྱུ་དང་སྟེགས་བུའི་ཐོག་གི་གསར་འགྱུར་ཡོངས་བསྒྲགས་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་སོགས་ཐད“མ་མཐའི་མཚམས་ཐིག་གི་བསམ་པ”ཞིག་བཏོན་པ་དང་ལས་རིགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གནས་ཞིག་ཏུ་ལངས་ཡོད་ཅེས་བཤད།ཁོང་གིས་ད་དུང“ཕྱོགས་མང་དེའི་ནང་ཞུགས་ན”དུས་ཐོག་འཕྲིན་གཏོང་ཡོ་བྱད་ཁྲོམ་ར་ཡོངས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་རིང་འགག་རྩའི་རང་བཞིན་གྱི་སྐུལ་འདེད་ཀྱི་ནུས་པ་ཞིག་ཐོན་ངེས་རེད་ཅེས་ནན་བཤད་བྱས།དབྱི་ཤིན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཅིན་ཧུང་དང་།ཨ་ལི་པ་པ་འགྲོ་འོང་སྤྱི་ཁྱབ་རྩོམ་སྒྲིག་པ་ཀྲང་ཀྲེང་ཞུང་།ཞའོ་མི་འཕྲིན་སྦྲེལ་དྲ་བའི་རོལ་རྩེད་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ལན་བཅས་ཀྱིས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་འཕྲིན་སྦྲེལ་དྲ་བའི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ་རྒྱ་ཆེའི་དྲ་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་འབྲེལ་བ་ཡོད།དེས་ན་ཁེ་ལས་ཀྱིས་གནས་སྐབས་ལག་བསྟར་གཏན་འབེབས་ལག་ལེན་ནན་པོ་བསྟར་བ་དང་།སྒྲིག་སྲོལ་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།སྐྱོན་ལྡན་ཆ་འཕྲིན་དྲ་ཐོག་ཏུ་བརྒྱུད་གཏོང་བྱ་རྒྱུ་བཀག་འགོག་བྱེད་པ་བཅས་ཀྱི་ཐོག་ནས་སྒུལ་བདེའི་འཕྲིན་སྦྲེལ་དྲ་བ་སྐྱོན་བྲལ་དང་རྒྱུན་སྲིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག