མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-08-12 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་ཆར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བར་རང་ལྗོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཐད་དོ་ཁུར་དང་རྒྱབ་སྐྱོར་གནང་ལུགས་གང་ལེགས་མཚོན་པ་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད།ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་མཐུན་སྒྲིལ་འབད་འཐབ་དང་དམ་པ་དོན་གཉེར་བྱས་ཏེ་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་གསར་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེ་དང་དོ་ཁུར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ཚེས་7ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཚོགས་འདུ་སྐོང་ཚོགས་བྱས་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་དང་།ས་ཁུལ(གྲོང་ཁྱེར) རྫོང(གྲོང་ཁྱེར་དང་ཆུས) ཤང་གྲོང་བཅས་རིམ་བཞིའི་བརྙན་འཕྲིན་ཚོགས་འདུའི་ཐོག་གི་གསུང་བཤད་གཅིག་སྡུད་ཐོག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བླང་བྱ་དང《བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》གི་དགོངས་དོན་སློབ་སྦྱོང་བྱས་པ་རེད།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀེ་ཡུས་ཐའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དེས་དུས་བབ་གསར་པའི་འོག“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་།དོ་དམ།བདག་སྐྱོང་བཅས་ཡག་པོ་བྱེད་པའི་ཐད་བླང་བྱ་བཏོན་གནང་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་པར་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་པ་དང་དུས་སྐབས་གསར་པའི་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་བའི་བྱེད་ཕྱོགས་གལ་ཆེན་ཞིག་རེད་ཅེས་བཤད་པ་རེད།

རང་སྐྱོང་ལྗོངས་གཞུང་ལམ་ཅུས་ནི་་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་གཙོ་གཉེར་སྡེ་ཚན་ཞིག་ཡིན་པ་དང་གཞུང་ལམ་བདག་སྐྱོང་ཡག་པོ་བྱེད་པ་དང་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པའི་འགན་འཁྲི་གཙོ་བོ་ཁུར་ཡོད་པ་རེད།ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལས་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་རྣམས་ལ་ལྕག་སྐུལ་ཟབ་མོ་དང་།སློབ་གསོ་ཟབ་མོ།སེམས་འགུལ་ཟབ་མོ་བཅས་ཐེབས་ཡོད་པ་རེད།

ཟླ་8ཚེས་7ཉིན་གྱི་སྔ་དྲོ་མཚོ་བོད་གཞུང་ལམ་ཡན་ལག་ཅུས་ཀྱིས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ཏན་ཏན་བྱས་པ་རེད།

ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་ཚོགས་ཆུང་གིས་ཚོགས་འདུ་སྐོང་ཚོགས་བྱས་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་དང་།ས་ཁུལ(གྲོང་ཁྱེར) རྫོང(གྲོང་ཁྱེར་དང་ཆུས) ཤང་གྲོང་བཅས་རིམ་བཞིའི་བརྙན་འཕྲིན་ཚོགས་འདུའི་ཐོག་གི་གསུང་བཤད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གཞུང་ལམ་ཁོངས་གཏོགས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་དེ་བས་སྲ་ཞིང་བརྟན་པའི་རྣམ་འགྱུར་དང་།དེ་བས་རང་རྟོགས་ཀྱི་བྱ་སྤྱོད།དེ་བས་ནུས་ལྡན་གྱི་བྱ་ཐབས་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་།ལག་བསྟར་ཡག་པོ།དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུའི་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག