མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་ཐེངས་དང་པོར་ལས་རིགས་ཧྲིལ་པོའི་སྤུས་ཚད་ཀྱི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-11 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱིས་སྤྱི་ཚེས་༧ཉིན་སྤྱི་ཚོགས་ལ་སྤྱི་ལོ་༢༠༡༣ལོའི་ཤིན་ཅང་གི་སྤུས་ཚད་གནས་ཚུལ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་དང་། རྒྱབ་ཤ་དཀར་པོའི་དེབ་དེ་ཁོངས་གཏོགས་ཚན་པ་༡༨དང་མཉམ་ལས་བྱས་ཏེ་སྒྲིག་བཟོ་བྱས་པ་ཞིག་ཡིན་པ་དང་། ཐོན་ལས་སྤུས་ཚད་དང་། བཟོ་གྲྭའི་སྤུས་ཚད། ཞབས་ཞུའི་སྤུས་ཚད། ཁོར་ཡུག་སྤུས་ཚད་བཅས་ཕྱོགས་བཞི་ཚང་མ་ཚུད་པ་དང་། ཤིན་ཅང་གིས་ཐེངས་དང་པོར་སྤྱི་ཚོགས་ལ་ཡོངས་བསྒྲགས་ཐོག་འགྲེམས་སྤེལ་བྱས་པའི་ལས་རིགས་ཧྲིལ་པོའི་སྤུས་ཚད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཡིན་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ཀྱིས་ཤིན་ཅང་གི་སྤུས་ཚད་ཐད་ལྷག་པའི་གནད་དོན་ཡོངས་བསྒྲགས་ཞིབ་ཕྲ་བྱས་པ་དང་། ནང་དོན་བཟོ་ལས་ཐོན་རྫས་དང་། ཞིང་ལས་ཐོན་རྫས། ཁྲོམ་རའི་ཚོང་ཟོག སྨན་རྫས་དང་སྨན་བཅོས་ཡོ་བྱད་སོགས་ཐོན་རྫས་ཁྱབ་ཁོངས་ཆེ་བ་དྲུག་དང་། བཟོ་བསྐྲུན་དང་། འགྲིམ་འགྲུལ། ཆུ་བེད་སོགས་བཟོ་བསྐྲུན་ཁྱབ་ཁོངས་ཆེ་བ་གསུམ། ཡུལ་སྐོར་དང་། ཚོང་ཟོག སྨན་བཅོས་སོགས་ཞབས་ཞུའི་ཁྱབ་ཁོངས་ཆེ་བ་དྲུག དེ་བཞིན་མཁའ་རླུང་དང་། ཆུའི་སྐྱེ་ཁམས། སྒྲའི་ཁོར་ཡུག་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་ཆེ་བ་ལྔ་བཅས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག