མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རིགས་གཅིག་མཁས་པས་བྱིས་པའི་འཚར་ལོངས་བདེ་ཐང་ལ་དོ་ཁུར་བྱ་རྒྱུའི་རེ་འབོད་གནང་བ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-11 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་སྤྱི་ཚེས་༡༠ཉིན་སྐོང་འཚོགས་བྱས་པའི་ཀྲུང་གོའི་བྱིས་པའི་འཚར་ལོངས་བདེ་ཐང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་འགོ་ཚུགས་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་ཀྲུང་གོའི་བྱིས་པ་འཚར་ལོངས་འགོར་བའི་གནས་ཚུལ་ཐོན་ཚད་བརྒྱ་ཆ་༩དང་གྲངས་ཆུང་༩ཟིན་གྱི་ཡོད་པ་དང་། སྤྱི་འབོར་འཛམ་གླིང་ཧྲིལ་པོའི་ཨང་གཉིས་པར་སླེབས་ཀྱི་ཡོད་པ་རེད། ཁྱབ་ཁོངས་མང་པོའི་རིགས་གཅིག་མཁས་པས་མཉམ་འབྲེལ་ཐོག ལོ་རེའི་ཟླ་བ་༨པ་ནི་ཀྲུང་གོའི་བྱིས་པའི་འཚར་ལོངས་བདེ་ཐང་སློབ་གསོའི་ཟླ་བར་གཏན་འཁེལ་བྱེད་པ་དང་། ལོ་རེའི་ཟླ་བ་༨པའི་ཚེས་༡༨ཉིན་ནི་ཀྲུང་གོའི་བྱིས་པའི་འཚར་ལོངས་བདེ་ཐང་སློབ་གསོའི་ཉིན་མོར་གཏན་འཁེལ་བྱེད་དགོས་པའི་རེ་འབོད་གནང་ཡོད།

གྲོས་ཚོགས་ཐོག་དུས་གཅིག་ཏུ་ཀྲུང་གོའི་བྱིས་པའི་འཚར་ལོངས་བདེ་ཐང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་དང་། བྱིས་པའི་ཚན་ཁག་གི་སྨན་པའི་ཆེད་ལས་སྦྱོང་བརྡར་དང་རིག་གཞུང་སྤེལ་རེས་བྱེད་སྒོ་གཉེར་བ། བྱིས་པའི་འཚར་ལོངས་ལ་ལྟ་ཞིབ་ཚད་ལེན་དང་འཛུབ་ཁྲིད་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་དམངས་དང་བྱིས་པའི་ཁྱིམ་བདག་ལ་ཁ་ཕྱོགས་ནས་བདེ་ཐང་སློབ་གསོ་དང་བདེ་ཐང་བརྒྱུད་བསྒྲགས་བྱེད་སྒོ་སྤེལ་བ་བཅས་བྱས་ནས། རིམ་བཞིན་རང་རྒྱལ་གྱི་བྱིས་པའི་འཚར་ལོངས་ཆུ་ཚད་མཐོ་རུ་གཏོང་ཐུབ་པ་དང་། བྱིས་པའི་འཚར་ལོངས་འགོར་བའི་འབྲེལ་ཡོད་ནད་གཞི་ཐོན་རྒྱུ་ཉུང་དུ་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

ཀྲུང་ཧྭ་གསོ་རིག་སློབ་ཚོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྒྱལ་ཡོངས་སུ་ལོ་༤ནས་ལོ་༡༥བར་གྱི་འཚར་ལོངས་འགོར་བའི་བྱིས་པ་ས་ཡ་བདུན་ཙམ་ཟིན་གྱི་ཡོད་པ་དང་། མིག་སྔར། ལོ་ལྟར་དངོས་སུ་ལུགས་མཐུན་གྱི་སྨན་བཅོས་དང་ལེན་བྱེད་མཁན་ནད་པ་མི་གསུམ་ཁྲི་ཡང་ཟིན་མེད་པ་རེད། བརྟག་དཔྱད་ལས་མངོན་པར། ཁྱིམ་བདག་བརྒྱ་ཆ་༩༧གྱིས་བྱིས་པའི་འཚར་ལོངས་ཀྱི་གཞི་རྩའི་ཆོས་ཉིད་ཤེས་ཀྱི་མེད་པ་དང་། ཁྱིམ་བདག་བརྒྱ་ཆ༣༠ཡིས་ཕྲུ་གུ་འཚར་ལོངས་འགོར་བའི་དུས་སུ་མཐོང་ཆེན་མ་བྱས་པར། འཚར་ལོངས་འགོར་བའི་ལྟ་སྟངས་རྙིང་པ་འཛིན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག