མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷོ་ཆུ་བྱང་འདྲེན་གྱི་ཆ་སྒྲིག་ལས་གཞི་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-11 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་འབྲུབ་ཆུ་རྒྱས་པའི་དུས་སུ། ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དཀྱིལ་མའི་ལས་གཞིར་དངོས་སུ་ཆུ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། མིག་སྔར། པེ་ཅིང་ས་ཁོངས་ནང་གི་གཙོ་གཟུགས་དྲ་བ་དང་འགག་རྩའི་ཆ་སྒྲིག་ལས་གཞི་གཞི་རྩའི་ཆས་ནས་ལེགས་གྲུབ་ཟིན་ཡོད་པ་རེད།

ཀོ་ཀུང་ཀྲོང་ཆུ་བཟོ་གྲྭར། དབྱིབས་ཕོར་པ་ཆེན་པོ་དང་འདྲ་བའི་ཆུ་གཙང་མ་བཟོ་བའི་རྫིང་༡༢འཛུགས་སྐྲུན་བྱས་ཡོད་པ་དང་། དེ་ནི་ལྷོ་ཆུ་པེ་ཅིང་དུ་འདྲེན་རྗེས་གསོག་ཉར་བྱེད་ས་ཞིག་ཡིན་པ་དང་། དེ་རྗེས་དུག་སེལ་སོགས་བཟོ་རྩལ་གཏིང་ཟབ་བརྒྱུད་ནས་ཐག་གཅོད་བྱས་རྗེས། ལྷོ་ཆུ་དེ་ཉིད་ཐད་ཀར་འཐུང་ཆོག་པའི་ཚད་གཞིའི་ཐོག་ནས་ཁྱིམ་དུད་ཁྲི་སྟོང་མང་པོར་གཏོང་རྒྱུ་ཡིན་པ་དང་། ཉིན་རེར་ཐག་གཅོད་བྱེད་པའི་ནུས་པ་ཆུ་ཏུན་ལྔ་འབུམ་ཟིན་བཟོ་ཡོད་པ་རེད།

ད་ལོའི་སྤྱི་ཟླ་༡༠པར། པེ་ཅིང་གི་ལྟེ་བའི་གྲོང་ཁུལ་དུ་ཆུ་བཟོ་གྲྭ་ལྔ་ཡིས་ལྷོ་ཆུ་བྱང་འདྲེན་གྱི་ཆུ་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། ཉིན་རེར་ཆུ་མཁོ་འདོན་བྱེད་ཚད་ཏུན་ས་ཡ་གསུམ་དང་དྲུག་འབུམ་བརྒྱད་ཁྲི་ཟིན་རྒྱུ་ཡིན་པ་རེད། ཡུལ་མིའི་ཁྱིམ་ཚང་ནང་ཆུ་སེར་པོ་སོགས་ཐོན་རྒྱུར་བཀག་འགོག་བྱེད་ཆེད། པེ་ཅིང་གིས་སྤྱི་ལེ་༢༠༠༠ལྷག་ཟིན་པའི་ཆུ་འདྲེན་ལྕགས་གདོང་ལ་བཟོ་བཅོས་བྱ་རྒྱུ་ཡིན་པ་རེད།

ལྷོ་ཆུ་པེ་ཅིང་དུ་འདྲེན་རྗེས། པེ་ཅིང་གིས་རིམ་བཞིན་སྤྱི་པའི་ཆུ་མཁོ་འདོན་དྲ་བའི་ཁྱབ་ཁོངས་ནང་གི་ཁྲོན་པ་བཀག་རྒྱུ་ཡིན་པ་དང་། རྨི་ཡུན་དང་། ཧྭའེ་རུའུ། ཧྲུན་དབྱི་སོགས་ཆུའི་འབྱུང་ཁུངས་ས་ཆར་ས་འོག་གི་ཆུ་ཁ་གསབ་བྱས་ནས། ས་འོག་གི་ཆུའི་གནས་དམའ་རུ་འགྲོ་བའི་འཕེལ་ཕྱོགས་ལ་བཀག་འགོག་བྱ་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས་བཟོ་ལས་ཐད་སྤྱོད་པའི་ཆུ་མང་དུ་མི་གཏོང་བ་དང་། ཞིང་ལས་ཐད་སྤྱོད་པའི་ཆུ་ཉུང་དུ་གཏོང་བའི་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སླད་ཕྱིན་ལོ་གཉིས་ནང་པེ་ཅིང་དུ་སླར་སྐྱེས་ཆུའི་བཟོ་གྲྭ་༤༧གསར་འཛུགས་བྱེད་པ་དང་། སླར་སྐྱེས་ཆུ་ལོ་རེར་བེད་སྤྱོད་བྱེད་ཚད་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༡༠ཟིན་པ། སྤྱི་ལོ་༢༠༢༠ལོར་ཞིང་ལས་ཐད་སྤྱོད་པའི་ཆུ་དེ་ལོ་ཧྲིལ་པོར་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༧ནས་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༥བར་ཉུང་དུ་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག