མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལོ་རྒྱུས་འཕོ་འགྱུར་ཁྲོད་ཀྱི་ཏེང་ཞོ་ཕིང་ཞེས་པ་དེ་ཐོག་མར་བསྟན་འགོ་ཚུགས་པའི་མཛད་སྒོ་གཉེར་ནས་བློ་མཐུན་ཏེང་ཞོ་ཕིང་སྐུ་བལྟམས་ནས་ལོ་ངོ་༡༡༠འཁོར་བར་དྲན་གསོ་ཞུས་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-11 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་༨པའི་ཚེས་༧ཉིན་གྱི་ཕྱི་དྲོ། བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལོ་རྒྱུས་འཕོ་འགྱུར་ཁྲོད་ཀྱི་ཏེང་ཞོ་ཕིང་ཞེས་པ་དེའི་བཞུགས་མོལ་ཚོགས་འདུ་དང་འཁྲབ་ཚན་ཐོག་མར་བསྟན་འགོ་ཚུགས་རྒྱུའི་མཛད་སྒོ་པེ་ཅིང་དུ་གཉེར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་ཚན་དེ་ནི་བློ་མཐུན་ཏེང་ཞོ་ཕིང་སྐུ་བལྟམས་ནས་ལོ་ངོ་༡༡༠འཁོར་བར་དྲན་གསོ་ཞུ་ཆེད་ཡིན་པ་དང་། ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་། ཀྲུང་གུང་སི་ཁྲོན་ཞིང་ཨུད་ཀྱིས་སྒྲིག་འཛུགས་དབུ་ཁྲིད་བྱས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ལས་ཁུངས་ཀྱིས་མཉམ་དུ་པར་ལེན་བྱས་པ་ཞིག་ཡིན། འཁྲབ་ཚན་ཡོངས་ལ་ཁྱོན་ལེའུ་༤༨ཡོད་པ་དང་། ལོ་ལྔའི་དུས་ཚོད་སྤྱད་ནས་པར་ལེན་ལེགས་གྲུབ་བྱུང་ཡོད། འཁྲབ་ཚན་དེ་སྤྱི་ཟླ་༨པའི་ཚེས་༨ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོའི་དུས་ཚོད་ཡག་ཤོས་ཐོག་བསྟན་རྒྱུ་ཡིན་པ་རེད།

འཁྲབ་ཚན་དེས་སྤྱི་ལོ་༡༩༧༦ལོའི་སྤྱི་ཟླ་༡༠པར་མི་བཞི་ཤོག་ཁག་གཏོར་ཕམ་བཏང་བ་ནས་སྤྱི་ལོ་༡༩༨༤ལོར་ཁྱོན་ཡོངས་བསྒྱུར་བཅོས་སྒོ་དབྱེ་བྱས་པའི་བར་གྱི་ལོ་རྒྱུས་གལ་ཆེན་དེ་མངོན་པ་དང་། བློ་མཐུན་ཏེང་ཞོ་ཕིང་གིས་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱས་པའི་ལག་ལེན་དངོས་དང་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་དེ་བསྐྱར་དུ་མངོན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག