མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་འབད་བརྩོན་ཆེན་པོས་སྤྱི་ལོ་༢༠༡༥ལོར་ནད་གཞི་ཆེ་བའི་རིགས་ཀྱི་འགན་བཅོལ་ལས་དོན་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བསྟན་པ།

རྩོམ་པ་པོ། ཟླ་བ་གཡུ་སྒྲོན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-11 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་སུང་ཧྲུའུ་ལིས་སྤྱི་ཚེས་༧ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག ད་ལོའི་སྤྱི་ཟླ་༥པའི་ཟླ་མཇུག་བར་སླེབས་དུས། གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ཆེ་བའི་འགན་བཅོལ་ཚོད་ལྟའི་ལས་དོན་རྫོང་དང་། གྲོང་ཁྱེར། ཁུལ་བཅས་བརྒྱ་ཆ་༥༠ཡན་ལ་ཁྱབ་གདལ་བཏང་ཟིན་ཡོད། ཚོད་ལྟའི་རྨང་གཞིའི་ཐོག རང་རྒྱལ་གྱིས་ནད་གཞི་ཆེ་བའི་འགན་བཅོལ་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ནད་གཞི་ཆེ་བའི་འགན་བཅོལ་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ལོ་༢༠༡༥ལོར་ནད་གཞི་ཆེ་བའི་འགན་བཅོལ་ལས་དོན་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག