མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཚེས་དགུ་ཉིན་འབར་མ་རྒྱལ་ཁབ་ནེ་རོ་པེ་ནས་ཚོགས་པ་དང་། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཚོགས་འདུར་ཞུགས།

ཝང་དབྱི་ཡིས་ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་རྫོགས་ལྡན་གྱི་ལོ་བཅུ་བརྒྱུད་དེ། ད་ལྟ་མགོ་རྩོམ་ས་སྔར་ལས་མཐོན་པོ་དང་ནང་དོན་སྔར་ལས་ཕུན་སུམ་ཚོགས་པ། མཉམ་ལས་སྔར་ལས་གཏིང་ཟབ་པ་བཅས་ཀྱི་དུས་རིམ་གསར་བ་རུ་སྐྱོད་བཞིན་ཡོད། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་། ཀྲུང་གོས་ནམ་ཡིན་ཡང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནི་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩིས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དར་རྒྱས་གོང་འཕེལ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ས་ཁོངས་མཉམ་ལས་ཁྲོད་ཀྱི་གཙོ་ཁྲིད་ནུས་པ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཉིས་སྟོང་བཅོ་ལྔ་བར་ཐུན་མོང་ཚོགས་པ་འཛུགས་པ་བཅས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཝང་དབྱི་ཡིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཆབ་སྲིད་དང་ས་གནས། མཚོ་ཐོག་བཅས་ཕྱོགས་ཆེན་པོ་གསུམ་ནས་སྔར་ལས་གོང་འཕེལ་དུ་གཏོང་བར་བྱེ་བྲག་གི་གྲོས་གཞི་བཅུ་གཉིས་བཏོན། ཁོས་ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ། ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་པ། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་བྱས་ཏེ། ས་ཁུལ་རང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་ནན་གྱིས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག