མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བོད་ལྗོངས་སྙེ་མོ་རྫོང་ཁོངས་ནས་འགྲིམ་འགྲུལ་ཆག་སྒོ་ཧ་ཅང་ཚབས་ཆེན་ཞིག་བྱུང་ནས་མི44རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:34

111.jpg

  ཟླ8པའི་ཚེས9ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་ཁོངས་ཀྱི་རྒྱལ་ལམ318ཀྱི་སྤྱི་ལེ4740ནས་སྤྱི་ལེ4741གི་མཚམས་སུ་འགྲིམ་འགྲུལ་ཆག་སྒོ་ཧ་ཅང་ཚབས་ཆེན་ཞིག་བྱུང་ནས། གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་ཁ་གཏད་ནས་ཚུར་ཡོང་བའི་རི་འགོས་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ། རླངས་འཁོར་གསུམ་པོའི་ནང་དུ་མི55ཡོད་ལ། སྟོབས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་མི44རྐྱེན་ལམ་དུ་ཤོར་བ་དང་། གཞན་པའི་མི11ལ་རྨས་ཕོག་ཡོད་པས། མྱུར་སྐྱོབ་བྱེད་བཞིན་ཡོད་ལ་གནས་སྐབས་སུ་སྲོག་ཉེན་མེད། འདི་ནི་མྱུར་སྐྱོབ་མི་སྣ་དོན་རྐྱེན་བྱུང་སར་ཐོན་ནས་མྱུར་སྐྱོབ་བྱེད་བཞིན་པའི་ཚུལ་རེད།

222.jpg

འདི་ནི་མྱུར་སྐྱོབ་མི་སྣ་དོན་རྐྱེན་བྱུང་སར་ཐོན་ནས་མྱུར་སྐྱོབ་བྱེད་བཞིན་པའི་ཚུལ་རེད།

333.jpg

ཟླ8པའི་ཚེས9ཉིན། རྨས་མ་དོན་རྐྱེན་བྱུང་ས་ནས་སྨན་བཅོས་བྱེད་པར་སྐྱེལ་བཞིན་པ།

444.jpg

འདི་ནི་ཟླ8པའི་ཚེས9ཉིན་བསྐྱོན་པའི་དོན་རྐྱེན་བྱུང་སའི་པར་རེད།

555.jpg

ཟླ8པའི་ཚེས9ཉིན་གྱི་དགོང་མོར། ཨན་ཧོས་ཐུང་ལིན་ས་ཆ་ནས་ཡོང་བའི་རྨས་མ་ཞིག་ལ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས9ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་ཁོངས་ཀྱི་རྒྱལ་ལམ318ཀྱི་སྤྱི་ལེ4740ནས་སྤྱི་ལེ4741གི་མཚམས་སུ་འགྲིམ་འགྲུལ་ཆག་སྒོ་ཧ་ཅང་ཚབས་ཆེན་ཞིག་བྱུང་ནས། གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་ཁ་གཏད་ནས་ཚུར་ཡོང་བའི་རི་འགོས་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ། རླངས་འཁོར་གསུམ་པོའི་ནང་དུ་མི55ཡོད་ལ། སྟོབས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་མི44རྐྱེན་ལམ་དུ་ཤོར་བ་དང་། གཞན་པའི་མི11ལ་རྨས་ཕོག་ཡོད་པས། མྱུར་སྐྱོབ་བྱེད་བཞིན་ཡོད་ལ་གནས་སྐབས་སུ་སྲོག་ཉེན་མེད།

  གསར་འགོད་པས་ཚེས་དགུ་ཉིན་གྱི་ཕྱི་དྲོར་དོན་རྐྱེན་བྱུང་ཡུལ་ནས་མཐོང་བ་ལྟར་ན། དོན་རྐྱེན་དེ་བྱུང་སའི་ལམ་དེ་ཡར་ཀླུང་གཙང་བོའི་འགྲམ་གྱི་གྲོག་རོང་ཁུལ་དུ་ཡོད་པ་དང་། གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་དེ་རླངས་འཁོར་གཞན་གཉིས་དང་ཐོ་བརྒྱབ་རྗེས་ལམ་འགྲམ་གྱི་གཏིང་ཚད་ལ་མུས་བཅུ་ལྷག་ཡོད་པའི་གཡང་གཟར་ནས་ཡར་ཀླུང་གཙང་བོའི་འགྲམ་དུ་ལྷུང་སྟེ། ཁ་ལོ་འཁོར་ཡོད་པ་མ་ཟད་རླངས་འཁོར་གྱི་དབྱིབས་ཀྱང་ཆེས་ཆེར་འགྱུར་ཡོད།

  མྱུར་སྐྱོབ་བྱེད་ཡུལ་དུ། དྲག་ཆས་ཉེན་རྟོག་དང་སྤྱི་བདེ་མེ་གསོད། སྨན་བཅོས་མི་སྣ་སོགས་ཀྱིས་གྲུབ་པའི་མྱུར་སྐྱོབ་དཔུང་སྡེས་མྱུར་སྐྱོབ་སྒྲིག་ཆས་ཁྱེར་ཏེ་མྱུར་དུ་དོན་རྐྱེན་བྱུང་སར་ཐོན་ནས་ཉེན་སེལ་མྱུར་སྐྱོབ་བྱས་མོད། ཡིན་ནའང་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་གཡང་གཟར་ལས་ཡར་ཀླུང་གཙང་བོའི་འགྲམ་དུ་ལྷུང་ཡོད་ལ། ས་བབ་རྙོག་འཛིང་ཆེ་བས་མྱུར་སྐྱོབ་བྱེད་པར་དཀའ་ཚེགས་ཆེན་པོ་བྱུང་།

  དོན་རྐྱེན་དེ་བྱུང་རྗེས། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་དང་། ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་མྱུར་དུ་མཆན་བཀོད་མཛུབ་སྟོན་གནང་ནས། སྟོབས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱས་ཏེ་ཤི་རྨས་ཀྱི་གྲངས་ཀ་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས་པ་དང་། གེག་མེད་བགྲོད་ལམ་ཕྱེས་ཏེ་རྨས་མ་མྱུར་དུ་སྨན་ཁང་ལ་སྐྱེལ་དགོས་པའི་རེ་བ་བཏོན། ལྗོངས་དང་གྲོང་ཁྱེར། རྫོང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་མྱུར་དུ་དོན་རྐྱེན་བྱུང་སར་སོང་ནས་མི་སྣ་མྱུར་སྐྱོབ་དང་བཀོད་སྒྲིག་བྱ་བར་བཀོད་འདོམས་བྱས།

  གསར་འགོད་པས་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། དོན་རྐྱེན་དེ་འབྱུང་སྐབས། མི55དྲུད་ཆོག་པའི་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་དེའི་ནང་དུ་མི50བསྡད་ཡོད་ལ། འགྲུལ་བ་དག་ནི་ཨན་ཧོས་དང་ཧྲང་ཧེ། ཧྲན་ཏུང་། ཧི་པེ་སོགས་ས་ཆ་ནས་ཡོང་བ་རེད། རི་འགོས་རླངས་འཁོར་སྟེང་དུ་མི4ཡོད་པ་དང་། དངོས་སྐྱེལ་རླངས་འཁོར་སྟེང་དུ་མི1ཡོད།

  གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་བོད་ལྗོངས་དམག་ཁུལ་སྤྱིའི་སྨན་ཁང་སོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྨན་ཁང་ཆེ་གྲས་ཁག་གི་སྨན་བཅོས་མི་སྣས་སྟོབས་ཤུགས་ཡོད་རྒུས་རྨས་མ་རྣམས་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་དེ་དག་ལ་གནས་སྐབས་སུ་སྲོག་ཉེན་མེད།

  ད་ལྟ་རྨས་མ་མྱུར་སྐྱོབ་དང་དོན་རྐྱེན་ཐག་གཅོད་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་བྲེལ་འཚུལ་ཆེ་བའི་ངང་སྒྲུབ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག