མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱི་ཁེ་སྤོགས11.19%འཕར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-10 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱི་ཁེ་སྤོགས11.19%འཕར་ཡོད་པ་དང་། འཕར་ཚད་གཙོ་གཉེར་ལས་སྒོའི་ཡོང་འབབ་འཕར་སྣོན་ལས1.02%ཀྱིས་མཐོ་ཡོད། འོན་ཀྱང་གཙོ་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་ཐོབ་ཚད་སྤྱི་ལོ2012ལོ་དང་སྤྱི་ལོ2013ལོའི་ཆུ་ཚད་ལས་དམའ་བ་ཡོད་པ་དང་། ལས་རིགས་ཧྲིལ་པོ་རྒྱུན་མཐུད་ཀྱིས་གནས་དམའ་པོའི་ཐོག་འཁོར་རྒྱུག་བྱེད་བཞིན་ཡོད།

ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝང་ཧྲེ་ཁྲེང་གིས། ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་བ་དང་བསྟུན། ཡང་བའི་བཟོ་ལས་ཀྱིས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཚོང་རྟགས་རིན་ཐང་མཐོ་རུ་གཏོང་རྒྱུར་དེ་བས་སྐུལ་འདེད་བཏང་ནས། བཟང་ཆ་ལྡན་པའི་ཁེ་ལས་ཀྱི་གོང་འཕེལ་བར་ཁམས་དེ་བས་ཆེ་རུ་འགྲོ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག