མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡོམ་འགོག་གནོད་སེལ་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-10 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཡུན་ནན་ཞིང་ཆེན་ལུའུ་ཏན་རྫོང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་གནོད་འཚེ་ཕོག་ཁུལ་གྱི་ས་ཆ་མང་ཆེ་བར་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས། ཆུ་མཁོ་འདོན་བཅས་གཞི་རྩའི་ཆ་ནས་སླར་གསོ་ཐུབ་ཡོད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་རྣམས་བཀོད་སྒྲིག་ཡག་པོ་ཐུབ་ནས། ཡོམ་འགོག་གནོད་སེལ་ལས་དོན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོན་ཡོད་པ་དང་། མིག་སྔར་འཕྲལ་སྒྲུབ་གནོད་སྐྱོབ་ནས་ཚད་ལྡན་ཅན་དང་རྒྱུན་གཏན་ཅན་གྱི་དུས་མཚམས་ལ་འགྱུར་བཞིན་ཡོད་པ་རེད།

མིག་སྔར་འཚོལ་སྐྱོབ་ལས་དོན་དེ་སྔར་བཞིན་ཡོམ་འགོག་གནོད་སེལ་ལས་དོན་གྱི་ལས་འགན་ཨང་དང་པོ་དེ་ཡིན་པ་དང་། རོགས་སྐྱོབ་པས་ཐབས་ཤེས་ཡོད་རྒུ་བཏོན་ནས་ཉེན་ཁ་འཕྲད་པའི་མང་ཚོགས་འཚོལ་སྐྱོབ་དང་། སྟེས་དབང་གིས་གསོན་པོར་གནས་པའི་མི་སྣ་མྱུར་སྐྱོབ་བྱེད་པ་དང་། ཆབས་ཅིག་མུ་མཐུད་རྨས་མ་སྐྱོབ་བཅོས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་པ། སླར་ཐོན་གནོད་འཚེ་སྔོན་འགོག་ཡག་པོ་བྱེད་བཞིན་ཡོད་ཅིང་། གང་མགྱོགས་གནོད་རྗེས་བསྐྱར་འཛུགས་ལས་དོན་འགོ་འཛུགས་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག