མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་སྲིད་པུའུ་སོགས་ཚན་པས་སྤྱི་བསྒྲགས་སྤེལ་ནས་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོས་པའི་དཔྱ་ཁྲལ་བསྡུ་རྒྱུ་མིན་པ་གསལ་པོ་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-10 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་ཀྱིས་སྤྱི་ཚེས6ཉིན་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཉོ་བར་དཔྱ་ཁྲལ་བསྡུ་རྒྱུ་མིན་པའི་སྐོར་གྱི་སྤྱི་བསྒྲགས་ཞེས་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། རླངས་འཁོར་ཉོ་བའི་དཔྱད་ཁྲལ་བསྡུ་རྒྱུ་མིན་པའི་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཐད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རླངས་འཁོར་ཉོ་བའི་དཔྱ་ཁྲལ་བསྡུ་རྒྱུ་མིན་པའི་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་རིགས་ཀྱི་སྐར་ཆག་ཡོངས་བསྒྲགས་བྱས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།

སྐར་ཆག་ནང་བཅུག་པའི་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ལ། ཁེ་ལས་ཀྱིས་རླངས་འཁོར་གྱི་ཚད་ལྡན་ལག་ཁྱེར་ཆ་འཕྲིན་མཁོ་འདོན་བྱེད་སྐབས། བཟོ་ལས་དང་ཆ་འཕྲིན་ཅན་པུས་དཔྱ་ཁྲལ་མི་བསྡུ་བའི་ཨང་རྟགས་འགོད་རྒྱུ་ཡིན་པ་རེད། བཟོ་ལས་དང་ཆ་འཕྲིན་ཅན་པུས་ད་དུང་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་རླངས་འཁོར་གྱི་ཚད་ལྡན་ལག་ཁྱེར་ཆ་འཕྲིན་ནང་བཀོད་པའི་དཔྱ་ཁྲལ་མི་བསྡུ་བའི་ཨང་རྟགས་ལ་ཞིབ་དཔྱད་བྱ་རྒྱུ་ཡིན་པ་མ་ཟད། ཞིབ་དཔྱད་བྱས་ཟིན་པའི་ཆ་འཕྲིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལ་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པ་རེད། ཁྲལ་དོན་ལས་ཁུངས་ནས་བཟོ་ལས་དང་ཆ་འཕྲིན་ཅན་པུས་བརྒྱུད་སྤྲོད་བྱས་པའི་རླངས་འཁོར་ཚད་ལྡན་ལག་ཁྱེར་གྱི་གློག་རྡུལ་ཆ་འཕྲིན་ཁྲོད་ཀྱི་དཔྱ་ཁྲལ་མི་བསྡུ་བའི་ཨང་རྟགས་ལ་གཞིགས་ནས། དཔྱ་ཁྲལ་མི་བསྡུ་བའི་འགྲོ་ལུགས་གཉེར་རྒྱུ་ཡིན་པ་རེད།

སྤྱི་བསྒྲགས་ལ་གཞིགས་ན། སྤྱི་ལོ2014ལོའི་ཟླ་བ9པའི་ཚེས1ཉིན་ནས་སྤྱི་ལོ2017ལོའི་ཟླ་བ12པའི་ཚེས31ཉིན་བར། ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཉོས་པར་རླངས་འཁོར་ཉོས་པའི་དཔྱ་ཁྲལ་བསྡུ་རྒྱུ་མིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག