མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བཀྲ་ལྷུན་དགོན་ནས་ཡུན་ནན་ལུའུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་ལ་བསྔོ་སྨོན་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-10 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས9ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་བསྔོ་སྨོན་འདེབས་པའི་མཛད་སྒོ་ཞིག་འཚོགས་ནས། ཐེངས་འདིའི་ཡུན་ནན་ལུའུ་ཏན་གྱི་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བ་རྣམས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བ་དང་། རྨས་མ་རྣམས་གང་མགྱོགས་དྲག་སྐྱེས་ཡོང་བ། ཁྱིམ་གཞིས་དག་གང་མགྱོགས་བསྐྱར་འཛུགས་ཐུབ་པའི་སྨོན་ལམ་བཏབ། མཛད་སྒོ་གྲུབ་རྗེས་པཎ་ཆེན་རིན་པོ་ཆེས་ཡུན་ནན་ལུའུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་ཞལ་འདེབས་སུ་སྒོར150000ཕུལ་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག