མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞིའི་ཚོད་ལྟ་ཞེས་པ་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-10 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་བསྒྱུར་བཅོས་གོང་འཕེལ་གྱི་དུས་རབས་གསར་པ་དང་ལས་འགན་གསར་པ་དང་འཚམ་པ་དང་། ཁྱོན་ཡོངས་ནས་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ་དང་། འོས་འགན་སློབ་གསོའི་བཅོས་སྐྱོང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་བྱང་ཚད་སློབ་གསོ་ལག་བསྟར་གཏིང་ཟབ་བྱ་རྒྱུ། སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུ། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭས་ཁྲིམས་ལྟར་སློབ་གཉེར་དང་། ཚན་རིག་དང་མཐུན་པའི་དོ་དམ་བྱ་རྒྱུར་སྐུལ་འདེད་བཅས་གཏོང་ཆེད། ཉེ་ཆར་སློབ་གསོ་པུས་འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞིའི་ཚོད་ལྟ་ཞེས་པ་འགྲེམ་སྤེལ་བྱས་པ་མ་ཟད་ཚོད་ལྟའི་ཁུལ་གྱི་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད།

དོ་དམ་ཚད་གཞིས་བཏོན་པའི་བླང་བྱ92དེ་དག་ས་གནས་ཀྱི་དོན་དངོས་དང་འཚམ་གྱི་ཡོད་མེད་ལ་བརྟག་དཔྱད་བྱེད་ཆེད། ས་གནས་ཀྱིས་རང་སྒུལ་སྒོ་ནས་སྙན་ཞུ་ཕུལ་བའི་རྨང་གཞིའི་སྟེང་། སློབ་གསོ་པུས་ས་གནས་རིམ་པའི་གྲོང་ཁྱེར་དང་ས་ཁུལ་གྱི་རྫོང7བདམས་ནས་དོ་དམ་ཚད་གཞིའི་ཚོད་ལྟའི་ཁུལ་ལ་གཏན་འཁེལ་བྱས་ཡོད་པ་རེད། ཉེ་ཆར་སློབ་གསོ་པུས་གྲོས་ཚོགས་སྐོང་འཚོགས་བྱས་ནས་ཚོད་ལྟའི་ཁུལ་གྱི་ལས་དོན་ཐད་ཆེད་དོན་བཀོད་སྒྲིག་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག