མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡིས་ཀྲུང་གོས་དབྱི་རག་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཨ་མེ་རི་ཁའི་དམག་དཔུང་ལ་དབྱི་རག་ཐལ་སྐྱོད་དྲག་ཆས་མི་སྣར་བར་སྣང་ནས་འཇབ་རྒོལ་བྱེད་རྒྱུའི་ཆོག་མཆན་གནང་བ་ཡིན་ཞེས་བསྒྲགས་པའི་དོན་དག་དེའི་ཐད་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་དབྱི་རག་གིས་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ་མ་ཟད། དབྱི་རག་གི་བདག་དབང་ལ་བརྩི་བཀུར་བྱེད་པའི་ཆ་རྐྱེན་འོག་གི་དབྱི་རག་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་པའི་འགུལ་སྐྱོད་ཐམས་ཅད་ལ་བཟོད་སྒོམ་གྱི་རྣམ་འགྱུར་འཛིན་པ་དང་། དབྱི་རག་གིས་སྔ་མོ་ནས་གཏན་འཇགས་སླར་གསོ་དང་སྒྲིག་ལམ་རྒྱུན་ལྡན་དུ་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད་ཅེས་བཤད།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་བསྒྲགས་རྒྱུར། ཁོས་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་ཇལ་སྐྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣར་གནས་གཏན་ཁེལ་བྱས་ཏེ་བར་སྣང་ནས་འཇབ་རྒོལ་བྱེད་པ་དང་། དྲག་ཆས་མི་སྣའི་གནོད་འཚེའི་འོག་གི་དབྱི་རག་གི་མི་སེར་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་འདོན་སྤྲོད་བྱེད་རྒྱུའི་ཆོག་མཆན་བཀོད་པ་ཡིན་ཟེར། ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོས་ཚེས་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་མིང་ལ་དབྱི་རག་དང་ལེ་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་རྩ་འཛུགས་དེའི་དབྱི་རག་བྱང་ཕྱོགས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག