མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་མཉམ་འབྲེལ་དྲ་བའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་སྐབས་འཕྲལ་འཕྲིན་གཏོང་དོ་དམ་གྱི་གཏན་ཁེལ་བསྒྲགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་མཉམ་འབྲེལ་དྲ་བའི་ཆ་འཕྲིན་གཞུང་སྒྲུབ་ཁང་གིས་ཚེས་བདུན་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། སྐབས་འཕལ་འཕྲིན་གཏོང་ལག་ཆའི་སྤྱི་པའི་ཆ་འཕྲིན་ཞབས་ཞུའི་འཕེལ་རྒྱས་དོ་དམ་ཀྱི་གནས་སྐབས་ལག་བསྟར་ཆོད་དོན་བསྒྲགས་ཏེ། བཀོལ་སྤྱོད་བྱེད་མཁན་གྱིས་དངོས་མིང་ཐོ་འགོད་བྱེད་དགོས་ལ། སྤྱི་པའི་ཨང་རྟགས་ལ་ཞིབ་བཤེར་ཐོ་འགོད་བྱེད་དགོས་པའི་རེ་བ་བཏོན་པ་དང་། སྐབས་དོན་གསར་འགྱུར་སྒྲོག་པའི་ཆ་རྐྱེན་གཏན་ཁེལ་བྱས་པ་མ་ཟད། སྒྲིག་ལམ་དང་འགལ་རྗེས་ཀྱི་ཆད་པ་གཅོད་ཐབས་ཀྱང་གཏན་ཁེལ་གསལ་བོ་བྱས།

གཏན་ཁེལ་ལྟར་ན། སྐབས་འཕྲལ་འཕྲིན་གཏོང་ལག་ཆའི་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་ལ་ཕབ་པའི་འབྲེལ་ཡོད་ཐོབ་ཐང་ལེན་དགོས་པ་དང་། བཀོལ་སྤྱོད་བྱེད་མཁན་གྱིས་སྤྱི་པའི་ཞབས་ཞུའི་བྱ་འགུལ་སྤེལ་དགོས་ཚེ། མཉམ་འབྲེལ་དྲ་བའི་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཐོབ་ཐང་ལེན་དགོས། སྐབས་འཕྲལ་ཆ་འཕྲིན་ལག་ཆའི་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱིས་བཀོལ་སྤྱོད་བྱེད་མཁན་དང་སྤྱི་དམངས་ཀྱི་གསང་བ་སྲུང་དགོས་ལ། སྤྱི་པས་ཞུ་གཏུག་བྱས་པའི་ཁྲིམས་འགལ་དང་ངོ་བོ་མི་ལེགས་པའི་ཆ་འཕྲིན་ཐག་གཅོད་བྱེད་དགོས།

གཏན་ཁེལ་ལྟར་ན། བཀོལ་སྤྱོད་བྱེད་མཁན་གྱིས་སྤྱི་པའི་ཨང་གྲངས་འཛུགས་དགོས་ཚེ། མཉམ་འབྲེལ་དྲ་བའི་ཆ་འཕྲིན་ནང་དོན་གཙོ་འགན་སྡེ་ཁག་ཏུ་རིག་བགར་ནས་ཐོ་འགོད་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག