མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལས་ཚར་ནས་ལོ་དྲུག་ཅུ་འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་གུང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལས་ཚར་ནས་ལོ་དྲུག་ཅུ་འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། གཞུང་ལམ་དེ་གཉིས་ལས་སྐབས་ཀྱི་སྙིང་སྟོབས་སྔར་ལས་དར་སྤེལ་བྱས་ཏེ། བོད་ལྗོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕེན་གྱིས་བསྟན་དོན། ད་ལོ་ནི་ཁྲོད་བོད་དང་མཚོ་བོད་གཞུང་ལམ་ལས་ཚར་ནས་ལོ་དྲུག་ཅུ་འཁོར་བའི་ལོ་རེད། གཞུང་ལམ་འདི་གཉིས་ལས་ནས་འགྲུབ་པ་དེ་ནི་ཏང་གི་མགོ་ཁྲིད་འོག་ཀྲུང་གོ་གསར་བས་བླངས་པའི་གྲུབ་འབྲས་གལ་ཆེན་ཡིན་ལ། དེས་བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་འབྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ། ལྷོ་ནུབ་ཀྱི་མཐའ་མཚམས་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཧ་ཅང་གལ་ཆེ་བའི་ནུས་པ་བཏོན་ཡོད། དེ་དུང་དམག་དམངས་འབུམ་གཅིག་ལྷག་གིས་དཀའ་སྡུག་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་མཐུན་སྒྲིལ་འབད་འཐབ་བྱས་ཏེ། འཛམ་གླིང་གི་གཞུང་ལམ་ལོ་རྒྱུས་སྟེང་དུ་ངོ་མཚར་བའི་མཛད་རྗེས་བསྐྲུན་ནས། བོད་ལྗོངས་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་པར་བྱས། ལོ་དྲུག་ཅུའི་རིང་ལ། གཞུང་ལམ་འཛུགས་སྐྲུན་དང་ཉམས་གསོའི་བརྒྱུད་རིམ་ཁྲོད་དུ། དཀའ་ངལ་ལ་མི་སྐྲག་པ་དང་། འཆི་བར་མི་སྐྲག་པ། བློ་རྩ་བརྟན་པོས་སྡུག་རུས་བྱེད་པ། ལམ་གྱི་རྨང་རྡོ་བྱེད་ཕོད་པ། དམག་དམངས་ཁྱིམ་གཞི་གཅིག་ཡིན་པ། མི་རིགས་མཐུན་སྒྲིལ་བྱེད་པ་བཅས་ཀྱི་སྙིང་སྟོབས་ཤིག་ཆགས་ནས་དེ་དར་སྤེལ་བཏང་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གནས་བབ་གསར་བའི་འོག་ཏུ། གཞུང་ལམ་གཉིས་ལས་སྐབས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བྱས་ཏེ། ལམ་གཉིས་ཉམས་གསོ་བཟང་པོ་དང་གེག་མེད་ཡོང་བར་འགན་སྲུང་བྱས་ནས། ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ནམ་ཡིན་ཡང་མི་རིགས་མཐུན་སྒྲིལ་གྱི་ལམ་དང་། བོད་ལྗོངས་དཔལ་ཡོན་ཡར་ཐོན་གྱི་ལམ། བོད་ལྗོངས་རིགས་སོ་སོའི་སྤུན་ཟླའི་ཐུན་མོང་འབྱོར་ཕྱུག་གི་ལམ་བཅས་སུ་འགྱུར་བྱེད་དགོས་ཞེས་ནན་གྱིས་གསུངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག