མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་མྱུར་དུ་གོང་འཕེལ་ལ་བཏང་ནས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་རིམ་པ་སྤོར་བར་ཡར་སྐུལ་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»བཀྲམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་མྱུར་དུ་གོང་འཕེལ་ལ་བཏང་ནས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་རིམ་པ་སྤོར་བར་ཡར་སྐུལ་བྱེད་པའི་སྐོར་གྱི་མཛུབ་སྟོ་བསམ་འཆར»བཀྲམས། འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་དང་པོར་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་ཞིག་རེད། «མཛུབ་སྟོན་བསམ་འཆར»ནང་དུ་ཁྲོམ་རའི་གཙོ་ཆེའི་བྱ་སྤྱོད་ལ་མཛུབ་སྟོན་བྱེད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྟན་ཡོད་པ་དང་། སྲིད་གཞུང་གིས་ཁོར་ཡུག་བཟང་པོ་བསྐྲུན་པའི་བྱ་བ་གཙོ་བོ་གསལ་བོར་བསྟན་ཡོད།

«མཛུབ་སྟོན་བསམ་འཆར»ནང་བསྟན་དོན། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་མྱུར་དུ་གོང་འཕེལ་ལ་གཏོང་བའི་གནད་འགག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། སྔར་ལས་ལྷག་པར་ཚན་རིག་དང་མཐུན་པའི་སྒོ་ནས་གྲུབ་ཚུལ་ལ་འཆར་འགོད་བྱེད་པ་དང་། ཁྲོམ་རར་ཞུགས་ཆོག་པའི་ཚད་གཞི་ལྷོད་གཡེང་དུ་གཏོང་བ། ལས་རིགས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། ཁོར་ཡུག་གི་ཆ་རྐྱེན་བསྐྲུན་པ་བཅས་བྱས་ཏེ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་མྱུར་དུ་གསར་སྐྲུན་སྒོས་གོང་འཕེལ་དུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་དང་ཞིང་ལས། ད་དུང་བཟོ་ལས་སོགས་ཆུ་ཚད་སྔར་ལས་མཐོན་པོས་ཕན་ནུས་ལྡན་པར་མཉམ་བསྲེས་བྱེད་པ། ཀྲུང་གོའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས། རིམ་པ་བཅས་འཕར་བར་ཡར་སྐུལ་བྱེད་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་མྱུར་དུ་གོང་འཕེལ་ལ་གཏོང་ན་ཁྲོམ་ར་གཙོ་ཤུགས་ཡིན་པ་དང་གནད་ས་འབུར་དུ་ཐོན་ལ། གསར་སྐྲུན་སྒུལ་ཤུགས་ཡིན་ཞིང་། འཕེལ་རྒྱས་གཙིགས་སུ་འཛིན་པའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཟེར།

«མཛུབ་སྟོན་བསམ་འཆར»ནང་ནན་གྱི་བསྟན་དོན། ཐོན་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤོར་བའི་དགོས་མཁོ་དེ་ཁ་ཕྱོགས་སུ་འཛིན་པ་དང་། ཁེ་ལས་ཀྱི་རྣམ་པ་རྙིང་བ་བསྒྱུར་བར་མཛུབ་སྟོན་བྱས་ཏེ། ཀྲུང་གོའི་ཐོན་ལས་རིམ་བཞིན་ཐོན་སྐྱེད་གསར་གཏོད་ཀྱི་རྣམ་པ་ནས་ཐོན་སྐྱེད་ཞབས་ཞུའི་རྣམ་པར་འགྱུར་བར་ཡར་སྐུལ་བྱེད་དགོས་ཏེ། གཅིག ཁེ་ལས་དེ་ཐོན་ལས་རིན་ཐང་གི་མུ་ཁྱུད་མཐོན་པོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་གཏོང་དགོས། གཉིས། ཞིང་ལས་ཐོན་སྐྱེད་དང་བཟོ་ལས་གསར་གཏོད་དེང་རབས་ཅན་སྐུལ་སྤེལ་བྱེད་དགོས། གསུམ། ཐོན་སྐྱེད་གསར་གཏོད་དང་ཆ་འཕྲིན་ལག་རྩལ་གྱི་ཞབས་ཞུ་མྱུར་དུ་མཉམ་འདྲེས་ཡོང་བར་བྱེད་དགོས་ཟེར།

«མཛུབ་སྟོན་བསམ་འཆར»ནང་དུ། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་། ནོར་ཁྲལ་སྲིད་ཇུས་འཐུས་ཚང་དུ་གཏོང་བ། དངུལ་ལོར་གསར་སྐྲུན་ཇེ་དྲག་ཏུ་གཏོང་བ། ས་ཞིང་ཕན་ནུས་ལྡན་པར་མཁོ་འདོན་བྱེད་པ། རིན་ཐང་སྒྲིག་ལུགས་འཐུས་ཚང་དུ་གཏོང་བ། རྨང་གཞིའི་བྱ་བར་ཤུགས་སྣོན་པ་བཅས་ཀྱི་ཐད་ནས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་དུ་འགྲོ་བར་ཁོར་ཡུག་བཟང་པོ་བསྐྲུན་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་ཁེ་ལས་དང་ཁྲོམ་རའི་གསོན་ཤུགས་བསྐྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག