མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་ཏེང་ཞའོ་ཕིང་སྐུ་འཁྲུངས་ཏེ་ལོ་ངོ110འཁོར་བའི་རིག་གཞུང་ཞིབ་བསྡུར་ཚོགས་འདུ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-07 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཏེང་ཞའོ་ཕིང་སྐུ་འཁྲུངས་ཏེ་ལོ་ངོ110འཁོར་ཉེར་ཡོད་པའི་སྐབས་འདིར། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རིགས་གཅིག་མཁས་པ100ལྷག་བློ་མཐུན་ཏེང་ཞའོ་ཕིང་གི་ཕ་ཡུལ་ཟི་ཁྲོན་ཁྲེན་ཏུའུ་རུ་མཉམ་འཛོམས་གནང་སྟེ་ཏེང་ཞའོ་ཕིང་གི་རིག་གཞུང་གི་དུས་རབས་གསར་པའི་སྙིང་དོན་དང་དོན་སྙིང་ལ་ཞིབ་བསྡུར་གནང་བ་མ་ཟད། བློ་མཐུན་ཏེང་ཞའོ་ཕིང་གི་ནམ་ཡང་ནུབ་མེད་ཀྱི་མཛད་རྗེས་ལ་དྲན་གསོ་ཟབ་མོ་ཞུས་པ་དང་། བློ་མཐུན་ཏེང་ཞའོ་ཕིང་གི་བླ་ན་མེད་པའི་ཀུན་སྤྱོད་ལ་དྲན་གསོ་ཞུས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ཕུགས་མདུན་མངོན་འགྱུར་ཐུབ་པ་བྱེད་པའི་བློ་རིག་དང་སྟོབས་ཤུགས་གཅིག་བསྒྲིལ་བྱས་ཡོད་པ་རེད།

ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་པས་ད་དུང་ཏེང་ཞའོ་ཕིང་གི་བསྒྱུར་བཅོས་སྒོ་དབྱེའི་ཐད་ཀྱི་གལ་ཆེའི་ལྟ་བ་དང་ཆོད་སྡོམ་རབ་དང་རིམ་པར་སློབ་སྦྱོང་དང་ཞིབ་བསྡུར་གནང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག