མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཅང་ཤི་ཞིང་ཆེན་གྱི་དེ་སྔའི་འགོ་འཛིན་གཞོན་པ་ཡའོ་མུ་ཀིན་གྱིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-07 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཅང་ཤི་ཞིང་ཆེན་གྱི་དེ་སྔའི་ཞིང་ཆེན་འགོ་འཛིན་གཞོན་པ་ཡའོ་མུ་ཀིན་གྱིས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ཐད་གྱོད་དོན་ཐོ་འགོད་དང་བརྟག་དཔྱད་བྱས་ཡོད་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། ཡའོ་མུ་ཀིན་གྱིས་ལས་གནས་ཐོག་གི་སྟབས་བདེ་སྤྱད་ནས་མི་གཞན་ལ་ཁེ་ཕན་སྐྲུན་རོགས་བྱས་པ་དང་། རང་ཉིད་དམ་ཡང་ན་སྤུན་མཆེད་ཀྱིས་ལྐོག་ཟ་ལྐོག་རྔན་འབོར་ཆེན་བླངས་ཡོད་པ་རེད། ཡའོ་མུ་ཀིན་གྱི་གོང་གི་བྱ་སྤྱོད་དེ་དག་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་མ་ཟད་ཉེས་བསགས་དང་འབྲེལ་བ་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཐག་གཅོད་སྲོལ་ཡིག་སོགས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་ནས་ཆོག་མཆན་གནང་བ་བརྒྱུད། ཡའོ་མུ་ཀིན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ལྟ་ཞིབ་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གོང་འབུལ་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད་སྲིད་འཛིན་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ། ཁོ་པའི་ཉེས་བསགས་དང་འབྲེལ་བ་ཡོད་པའི་གནད་དོན་དང་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་བསྐྱལ་རྒྱུ་ཡིན་པ་རེད། ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱས་པ་བརྒྱུད། ཁྲིམས་ལྟར་ཅང་ཤི་ཞིང་ཆེན་གྱི་དེ་སྔའི་འགོ་འཛིན་གཞོན་པ་ཡའོ་མུ་ཀིན་དང་འབྲེལ་བ་ཡོད་པའི་ལྐོག་ཟ་ལྐོག་རྔན་ལེན་པའི་ཉེས་བསགས་ལ་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱ་རྒྱུ་མ་ཟད་བཙན་ཐབས་བྱ་སྤྱོད་བཟུང་རྒྱུའི་ཐག་བཅད་ཡོད་པ་རེད། གྱོད་གཞིའི་མྱུལ་ཞིབ་ལས་དོན་ད་ལྟ་སྤེལ་བཞིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག