མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་པུས་ཐན་འགོག་ལས་དོན་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-07 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུས་སྤྱི་ཚེས6ཉིན་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཐན་འགོག་ལས་དོན་ཐད་གནང་བའི་མཛུབ་སྟོན་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐན་འགོག་ལས་དོན་གྱི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། སྔར་བས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་གནང་ཡོད་པ་རེད།

ཞིང་ལས་པུས་ལས་དོན་ཚོགས་ཆུང་དང་རིགས་གཅིག་མཁས་པའི་ཚོགས་ཆུང11གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་ལས་དོན་ལ་མཛུབ་སྟོན་དང་ལག་རྩལ་འཛུབ་ཁྲིད་གནང་བར་མངགས་གཏོང་བྱས་པ་མ་ཟད། གཙོ་གནད་ཐན་པ་བསྟན་ཁུལ་གྱི་སྟོན་འབྲུ་འདེབས་སྐབས་ཀྱི་ས་རྒྱུའི་སེར་དང་དགུན་བྲོའི་འདེབས་འཛུགས་ལ་དོ་ཁུར་བྱེད་དགོས་པ་དང་། སྒྲིག་འཛུགས་ཞིབ་ཚགས་དང་སྔ་ནུར་དུ་བཀོད་སྒྲིག་བྱས་ནས་སྟོན་འདེབས་དང་དགུན་འདེབས་ལས་དོན་བདེ་བླག་སྒོ་ནས་སྤེལ་རྒྱུ་འགན་ལེན་བྱེད་དགོས་པ། ཐན་པ་བསྟན་ཁུལ་གྱི་འདེབས་འཛུགས་མ་གནས་མཐོ་རུ་དང་ཞིང་པའི་ཡོང་འབབ་ཆག་པའི་གནད་དོན་ལ་དོ་ཁུར་བྱེད་དགོས་པ་དང་། ཁྲོམ་རའི་ལྟ་སྐུལ་ཚད་ལེན་ལ་ཤུགས་སྣོན་དང་། དུས་ཐོག་ལ་རོགས་སྐྱོར་བྱེད་དགོས་པ། འབྲོག་ལས་ཀྱི་དགུན་ཁ་སྐྱེལ་བའི་གཟན་རྩྭར་དོ་ཁུར་བྱེད་དགོས་པ་དང་། ལོ་ཏོག་གི་གཟན་རྩྭ་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བྱང་ཕྱོགས་ཀྱི་ཀེང་ཏའོ་འབྲས་དང་ལྷོ་ཕྱོགས་ཀྱི་ཕྱི་སྨིན་འབྲས། ཧེ་ལུང་ཅང་བྱང་རྒྱུད་ཀྱི་མ་རྨོས་ལོ་ཏོག་སོགས་ལོ་ཏོག་གི་སྔ་སྨིན་གནད་དོན་ལ་དོ་ཁུར་བྱེད་དགོས་པ་དང་། རྒྱུན་ལྡན་སྐྱེ་འཚར་ལ་སྐུལ་འདེད་བཏང་ནས་བདེ་འཇགས་སྒོ་ནས་སྨིན་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག