མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་བལ་བོ་ས་ཆར་རི་ཉུལ་བའི་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་བལ་བོ་རྒྱལ་ཁབ་ཀྱི་ཙུང་ལི་ཁི་དབྱི་ལཱ་ལཱར་འཚམས་འདྲིའི་གློག་འཕྲིན་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཞིའི་ཉིན་བལ་བོ་ཆ་སར་རི་ཉུལ་བའི་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་བལ་བོ་རྒྱལ་ཁབ་ཀྱི་ཙུང་ལི་ཁི་དབྱི་ལཱ་ལཱར་འཚམས་འདྲིའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་གསུང་རྒྱུར། ཉེ་ལམ་བལ་བོའི་བྱང་ཕྱོགས་ས་ཁུལ་དུ་རི་ཉུལ་བའི་དོན་རྐྱེན་ཚབས་ཆེན་བྱུང་སྟེ་མི་སྣར་ཤི་རྨས་ཆེན་པོ་བཟོས། བདག་གིས་འདིར་ཆེད་དུ་ཀྲུང་གོ་སྲིད་གཞུང་དང་ང་རང་ཉིད་ཀྱི་མིང་སྟེང་ནས་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་དང་འདས་པའི་ཁྱིམ་མི་དང་རྨས་མ་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་བྱས་པ་ཡིན་ཟེར།

ལིས་ཁི་ཆང་གིས་གསུང་རྒྱུར། ང་ཚོས་རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་གནོད་འཚེའི་དབང་གིས་གནས་དེའི་ས་ཁུལ་དུ་མཚོ་འཁྱིལ་མང་པོ་གྲུབ་ནས་འབྲེལ་ཡོད་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་སྣང་ཆེན་པོ་བསྐུལ་ཡོད་མོད། འོན་ཀྱང་ཙུང་ལི་ཁྱེད་ཀྱི་མགོ་ཁྲིད་འོག་ཏུ་བལ་བོ་སྲིད་གཞུང་དང་མི་དམངས་ངེས་པར་དུ་ཐེངས་འདིའི་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་ཁྱིམ་གཞིས་བསྐྱར་འཛུགས་བྱེད་ཐུབ་པར་བདག་ལ་ཡིད་ཆེས་ཡོད་པ་དང་། ཀྲུང་གོ་སྲིད་གཞུང་གིས་ནུས་ཤུགས་ཡོད་ཚད་ཀྱི་སྒོ་ནས་བལ་བོ་སྲིད་གཞུང་གིས་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། བལ་བོ་ཕྱོགས་ལ་སྟོབས་ཤུགས་ཅི་ཡོད་ཀྱི་རོགས་རམ་འདོན་སྤྲོད་བྱེད་ངེས་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག