མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤང་ཀང་དང་ཨའོ་མོན། ཐེ་དབན་བཅས་ཀྱི་ལས་རིགས་ཁག་གིས་ཡུན་ནན་ས་ཡོམ་གནོད་འཚེ་ཕོགས་ཁུལ་ལ་ཞལ་འདེབས་བརྒྱབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-06 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུན་ནན་ཧྲའོ་ཐོང་གྲོང་ཁྱེར་ལུ་ཏན་རྫོང་དུ་སྤྱི་ཚེས3ཉིན་ས་ཡོམ་རིམ་པ6དང་གྲངས་ཆུང5བརྒྱབ་རྗེས། ཤང་ཀང་དང་། ཨའོ་མོན་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་དེ་བཞིན་སྐམ་ས་ཆེན་མོར་ཡོད་པའི་ཐེ་དབན་གྱི་མ་རྩའི་ཁེ་ལས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་རོགས་སྐྱོར་བྱེད་པ་དང་། གནོད་སེལ་བྱེད་སྒོ་སྤེལ་ནས། གནོད་འཚེ་ཕོག་ཁུལ་གྱི་མི་དམངས་ལ་ཐུགས་འཁུར་བྱེད་པ་དང་འཚམས་འདྲི་ཞུ་ལུགས་མཚོན་པར་བྱས་ཡོད།

ཤང་ཀང་གི་རྒྱ་ཀྲམ་དམར་པོ་ཚོགས་པས་གནོད་སེལ་གྱི་ཁྱིམ་ཚང་ཁུག་མ་ཞེས་པ་ཆིག་སྟོང་ཞལ་འདེབས་བརྒྱབ་ཡོད་པ་དང་། དེ་ཡུན་ནན་རྒྱ་དཀྲམ་དམར་པོ་ཚོགས་པས་ཧྲའོ་ཐོང་གི་གནོད་འཚེ་ཕོགས་ཁུལ་དུ་བསྐྱལ་ཡོད་པ་རེད། དེ་མིན་ཤང་ཀང་རྒྱ་དཀྲམ་དམར་པོ་ཚོགས་པས་གནོད་འཚེ་ཕོག་ཁུལ་དུ་མི་དམངས་ཤོག་སྒོར་སྒོར་གསུམ་འབུམ་དགུ་ཁྲི་ཞལ་འདེབས་བརྒྱབ་ནས། གནོད་སེལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཤང་ཀང་ཀྲུང་གོའི་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཅིང་ཝེས་སྤྱི་ཚེས4ཉིན་ཤང་ཀང་གི་སྒོར་མོ་ས་ཡ་གཉིས་ཡུན་ནན་གྱི་ལུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་གནང་ཡོད། དེ་མིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཤང་ཀང་ཨུ་ཡོན་ལྷན་ཁང་གིས་ཤང་ཀང་སྒོར་མོ་ལྔ་འབུམ་ཞལ་འདེབས་བརྒྱབ་ནས། ས་ཡོམ་ཀྱི་ཤུགས་རྐྱེན་ཕོག་པའི་བྱིས་པར་རོགས་རམ་བྱེད་པའི་ཐད་གཏོང་རྒྱུ་ཡིན་པ་རེད། ཨའོ་མོན་རྒྱ་དཀྲམ་དམར་པོ་ཚོགས་པས་སྤྱི་ཚེས4ཉིན་ཛ་དྲག་ངང་མི་དམངས་ཤོག་སྒོར་སྒོར་གསུམ་འབུམ་ཡུན་ནན་ཞིང་ཆེན་རྒྱ་དཀྲམ་དམར་པོ་ཚོགས་པར་སྤྲད་ནས་ས་གནས་དེ་གའི་ཛ་དྲག་གནོད་སེལ་ལས་དོན་ལ་རོགས་རམ་གནང་ཡོད། རྒྱལ་ཡོངས་ཀྱི་ཐེ་དབན་གྱི་སྤུན་ཟླས་མ་འཇོག་བྱས་པའི་ཁེ་ལས་མཛའ་འབྲེལ་ལྷན་ཚོགས་ཀྱིས་ཡུན་ནན་གྱི་ལུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་མི་དམངས་ཤོག་སྒོར་སྒོར་ས་ཡ་གཉིས་ཞལ་འདེབས་རྒྱབ་ཡོད་པ་རེད། དབང་དབང་ཚོགས་པས་མི་དམངས་ཤོག་སྒོར་སྒོར་ས་ཡ་གཉིས་ཞལ་འདེབས་རྒྱག་རྒྱུའི་གཏན་འཁེལ་བྱས་ཡོད། པེ་ཅིང་གྲོང་ཁྱེར་གྱི་ཐེ་དབན་སྤུན་ཟླས་མ་འཇོག་བྱས་པའི་ཁེ་ལས་མཐུན་ཚོགས་ཀྱིས་མི་དམངས་ཤོག་སྒོར་སྒོར་ས་ཡ་གཅིག་ཞལ་འདེབས་རྒྱག་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག