མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་སློབ་མ་རེར་རྒྱལ་ཡོངས་ཀྱི་ཉག་ཅིག་ཡིན་པའི་སློབ་གྲྭའི་སློབ་ཁོངས་ཀྱི་ཨང་རྟགས་སྤྲོད་རྒྱུ་ཡིན་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-06 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས5ཉིན་སློབ་གསོ་པུས་སྤེལ་བའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གྲྭའི་སློབ་ཁོངས་ཆ་འཕྲིན་དོ་དམ་མ་ལག་རྒྱལ་ཡོངས་ནས་ལེགས་པོ་བསྒྲུབ་རྒྱུའི་ལས་དོན་བཀོལ་སྤྱོད་ཀྱི་བརྡ་ཐོ་ཞེས་པའི་ནང་སློབ་གྲྭའི་སློབ་ཁོངས་ཀྱི་་གནད་དོན་ཡོངས་རྫོགས་ཐག་གཅོད་ལས་དོན་མཇུག་སྒྲིལ་རྗེས་སློབ་གསོ་པུས་སློབ་མ་རེར་རྒྱལ་ཡོངས་ཀྱི་ཉག་ཅིག་ཡིན་པའི་སློབ་གྲྭའི་སློབ་ཁོངས་ཀྱི་་ཨང་རྟགས་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད།

བརྡ་ཐོའི་ནང་སློབ་མའི་ཐོབ་ཐང་ལག་ཁྱེར་གྱི་རྨང་གཞིའི་ཆ་འཕྲིན་ལྟེ་བ་བྱས་པའི་གྲངས་གཞི་ཞིབ་མཆན་འགོད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུ་དང་གནད་དོན་ཡོད་པའི་སློབ་ཁོངས་ཉུང་དུ་བཏང་་ཏེ་གྲངས་གཞིའི་གནད་ལ་འཕིགས་ཚད་ལ་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སྤྱི་བདེ་ལས་ཁུངས་ཀྱི་མཐུན་སྦྱོར་འོག རང་ཞིང་ལྗོངས་དང་གྲོང་ཁྱེར་གྱི་སློབ་ཁོངས་ཐད་ལ་རྩད་བཤེར་ཡང་ཡང་དང་རྩད་བཤེར་ནོར་བ་དེ་རིགས་རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་ལ་གནད་དོན་ཡོད་པའི་སློབ་ཁོངས་ཀྱི་གཙང་བཤེར་ཐོ་འགོད་མཁོ་འདོན་བྱེད་དགོས་པ། རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་གནད་དོན་ཡོད་པའི་སློབ་ཁོངས་ཀྱི་ཐད་ལ་ཞིབ་བཤེར་དཔྱད་བསྡུར་ཐག་གཅོད་བྱེད་དགོས་པ། སློབ་ཐོན་སློབ་མའི་གནད་དོན་ཡོད་པའི་སློབ་ཁོངས་ཐག་གཅོད་ལས་དོན་སྔོན་ཐོབ་ཀྱི་ལེགས་འགྲུབ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག