མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བདེ་སྤྱོད་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-06 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིན་དང་རིག་གནས་པུའི་གཞུང་ལས་ཐིན་གྱི་མཉམ་འབྲེལ་ཐོག་རྩོམ་སྒྲིག་བྱས་པའི་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱེད་ཐབས་ཞེས་པར་གཞིགས་ཏེ། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བདེ་སྤྱོད་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད། དངོས་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་མི་འདྲ་བར་གཞིགས་ནས། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་སྒྲིག་ཆས་འཛུགས་སྐྲུན་དེ་གཙོ་བོ་སྲོལ་རྒྱུན་འཁྲབ་སྟོན་སྒྱུ་རྩལ་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བདེ་སྤྱོད་སྒྲིག་ཆས་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་སྒྲིག་ཆས། སྲོལ་རྒྱུན་དམངས་སྲོལ་བྱེད་སྒོའི་རིགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་སྒྲིག་ཆས་བཅས་ཁག་གསུམ་དུ་དབྱེ་ཡོད་པ་རེད། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་སྒྲིག་ཆས་འཛུགས་སྐྲུན་གྱི་མ་དངུལ་དེ་ཀྲུང་དབྱང་ཆེད་སྤྱོད་ཁ་གསབ་མ་འཇོག་དང་ས་གནས་ཆ་སྦྱོར་མ་དངུལ། ཁེ་ལས་ཀྱི་རང་གྲབ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་གྲུབ་པ་ཞིག་ཡིན། འཛུགས་སྐྲུན་རྣམ་གྲངས་ལ་མཁོ་བའི་ཀྲུང་དབྱང་ཁ་གསབ་མ་དངུལ་དེ་གཏན་ལ་འཁེལ་བའི་སྒོར་དུང་ཕྱུར80ཡི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་ཁྲོད་ལས་གཅིག་གྱུར་ཐོག་བཀོད་སྒྲིག་བྱེད་རྒྱུ་དང་། དབུས་ནུབ་དང་ཤར་རྒྱུད་ས་ཁུལ་གྱི་ཚད་གཞི་མི་འདྲ་བར་གཞིགས་ཏེ་ཁ་གསབ་རོག་དངུལ་སྤྲོད་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག