མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུན་ནན་ལུའུ་ཏན་ཡོམ་འགོག་གནོད་སེལ་འཕྲལ་སྒྲུབ་རླུང་འཕྲིན་དེ་ས་ཡོམ་དབུས་ཀྱི་ལུང་ཐུའོ་གྲོང་བརྡལ་ལུང་ཇོན་སློབ་འབྲིང་གི་རྒྱང་བསྒྲགས་སྒྲིག་ཆས་བེད་སྤྱད་དེ་གཏོང་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-06 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུན་ནན་ལུའུ་ཏན་གྱི་བརྒྱད་པའི་ཚེས་གསུམ་ཉིན་གྱི་ས་ཡོམ་ཐོན་ནས་ཆུ་ཚོད48རྗེས་ཀྱི་སྤྱི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད4དང་སྐར་མ30ཙམ་ལ་རྒྱལ་ཁབ་འཕྲལ་སྒྲུབ་རླུང་འཕྲིན་ཡུན་ནན་ལུའུ་ཏན་ཡོམ་འགོག་གནོད་སེལ་འཕྲལ་སྒྲུབ་རླུང་འཕྲིན་དེ་ས་ཡོམ་དབུས་ཀྱི་ལུང་ཐུའོ་གྲོང་བརྡལ་ལུང་ཇོན་སློབ་འབྲིང་གི་རྒྱང་བསྒྲགས་སྒྲིག་ཆས་བེད་སྤྱད་དེ་གཏོང་འགོ་ཚུགས་ཡོད། འདི་ནི་ན་ནིང་ཟི་ཁྲོན་ལུའུ་ཧྲན་ས་ཡོམ་རྗེས་རྒྱལ་ཁབ་འཕྲལ་སྒྲུབ་རླུང་འཕྲིན་ལས་ཁུངས་ཀྱིས་འཕྲལ་སྒྲུབ་རླུང་འཕྲིན་གཏོང་ཐེངས་གཉིས་པ་ཡིན་པ་རེད། ཉིན་རེའི་ལེ་ཚན་ནང་རྒྱལ་ཁབ་འཕྲལ་སྒྲུབ་རླུང་འཕྲིན་གྱིས་གནོད་འཚེའི་ཁུལ་གྱི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་གསུང་སྒྲ་བརྒྱུད་གཏོང་དང་འཕྲོད་བསྟེན་དང་ནད་ཡམ་འགོག་བཅོསཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དང་དེ་བཞིན་སེམས་ནད་གསོ་རྒྱུ་ཡིན་པ་རེད། སྤྱི་ཚེས6ཉིན་ནས་བཟུང་རྒྱལ་ཁབ་འཕྲལ་སྒྲུབ་རླུང་འཕྲིན་གྱི་ཡུན་ནན་ལུའུ་ཏན་ཡོམ་འགོག་གནོད་སེལ་འཕྲལ་སྒྲུབ་རླང་འཕྲིན་ནས་རིམ་བཞིན་རླུང་འཕྲིན་གཏོང་བའི་དུས་ཚོད་རིང་དུ་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག