མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་སྲིད་པུའུ་ཡིས་ས་འགུལ་གནོད་ཐེབས་ས་ཁུལ་དུ་ཀྲུང་དབྱང་རྒུད་སྐྱོབ་གསོག་འཇོག་དངོས་རྫས་བྱིན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་ཡི་དྲ་ཚིགས་སྟེང་ཚེས་བཞི་ཉིན་བཀོད་པའི་གནས་ཚུལ་ལྟར་ན། དམངས་སྲིད་པུའུ་ཡིས་ས་འགུལ་གནོད་ཐེབས་ས་ཁུལ་གྱི་དགོས་མཁོ་ལྟར། ཡུན་ནན་ཞིང་ཆེན་ལ་རས་གུར་ཁྲི་གསུམ་དང་སྟོང་གསུམ་བཞི་བརྒྱ་དྲུག་ཅུ་དང་། ཉལ་ཐུལ་ཁྲི་གཅིག ལྭ་རིང་བར་འཚང་ཅན་ཁྲི་དྲུག སྟབས་བདེའི་ཉལ་ཁྲི་ཁྲི་གཅིག ཉལ་ཁུག་ཁྲི་གཅིག སྟབས་བདེའི་སྒྲོག་ཙེ་དང་རྐུབ་སྟེགས་ཅ་སྟོང་ལྔ། སྟབས་བདེའི་སྤྱོད་ཁང་ལྔ་བཅུ་སོགས་ཀྲུང་དབྱང་རྒུད་སྐྱོབ་གསོག་འཇོག་དངོས་རྫས་བྱིན་ནས། གནོད་ཐེབས་ས་ཁུལ་གྱིས་གནོད་ཐེབས་མང་ཚོགས་འོས་འཚམ་སྒོས་བཀོད་སྒྲིག་བྱེད་པར་རོགས་རམ་བྱས་ཟེར།

དེ་དང་མཉམ་དུ། དམངས་སྲིད་པུའུ་ཡིས་ཡུན་ནན་ཞིང་ཆེན་དམངས་སྲིད་ཐིན་ལ་དངོས་རྫས་མྱུར་དུ་སྐྱེལ་འདྲེན་བྱེད་པ་དང་མང་ཚོགས་ལ་སྟེར་བའི་བྱ་བ་མྱུར་དུ་བཟང་བོར་སྒྲུབ་པར་མཛུབ་སྟོན་གནང་། ཚེས་བཞི་ཉིན་གྱི་དུས་ཚོད་བཅོ་ལྔའི་བར་དུ། ཡུན་ནན་ཞིང་ཆེན་གྱིས་ཀྲའོ་ཐུང་གྲོང་ཁྱེར་ལ་རྒུད་སྐྱོབ་སྒོར་མོ་བྱེ་བ་གཉིས་བྱིན་ལ། ཞིང་ཆེན་དམངས་སྲིད་ཐིན་གྱིས་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཞིང་ཆེན་རིམ་པའི་རྒུད་སྐྱོབ་དངོས་རྫས་བསྐྱལ་བ་དང་། དེའི་ནང་དུ་རས་གུར་ཁྲི་གསུམ་དང་ཉལ་ཐུལ་ཁྲི་གཉིས་ལྷག སྟབས་བདེའི་ཉལ་ཁྲི་ཁྲི་གཅིག་དང་སྟོང་ལྔ། ལྭ་རིང་བར་འཚང་ཅན་ཁྲི་གཉིས་དང་སྟོང་ལྔ། ལྭ་ཁྲི་གཉིས། ཆར་ལྭ་སྟོང་བཞི་སོགས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག