མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྲིམས་ལུགས་དང་ཁྲིམས་སྲོལ་གསར་པ་ཁག་ཅིག་སྤྱི་ཟླ8པའི་ཚེས1ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-03 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲིམས་ལུགས་དང་ཁྲིམས་སྲོལ་ཁག་ཅིག་སྤྱི་ཟླ8པའི་ཚེས1ཉིན་བཟུང་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད། སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་། ཚོང་ལས་དངུལ་ཁང་གིས་དངུལ་ཁང་གི་འཛད་སྤྱོད་པར་མཁོ་འདོན་བྱས་པའི་རྨང་གཞིའི་དངུལ་རྩའི་ཞབས་ཞུར་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་དང་སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱས་ཏེ་དོ་དམ་བྱེད་རྒྱུ་ཡིན་པ་རེད། དཔེར་ན། མི་སྒེར་གྱིས་ཞབས་ཞུའི་སྟེགས་བུ་བརྒྱུད། དངུལ་དངུལ་འཛིན་གཞན་གྱི་རྩིས་ཐོའི་ཐོག་སྐུར་ཚེ། སྐས་རིམ་ལྟར་གླ་ཆ་བསྡུ་རྒྱུ་ཡིན་པ་སྟེ། སྒོར་ཉིས་སྟོང་ངམ་ཉིས་སྟོང་མན་ཆད་ཡིན་ཚེ། གླ་རིན་སྒོར2ལས་བརྒལ་རྒྱུ་མིན་པ་དང་། སྒོར2000ནས5000བར་སྒོར5ལས་མི་བརྒལ་བ། སྒོར5000ནས10000བར་སྒོར10ལས་མི་བརྒལ་བ། སྒོར་ཁྲི5ཡན་ཆད་ཚང་མར་མཐོ་ཤོས་སྒོར50ལས་མི་བརྒལ་བ་བཅས་བྱེད་རྒྱུ་ཡིན་པ་རེད། མི་སྒེར་གྱི་དངུལ་སྨར་སྐུར་བའི་ཐད། གཏན་འབེབས་གསར་པའི་ནང་། གླ་རིན0.5%ལས་མི་བརྒལ་བ་དང་། མཐོ་ཤོས་སྒོར50ནས་བརྒལ་མི་ཆོག་པའི་གཏན་འབེབས་བྱས་ཡོད།

དེ་མིན། ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱི་སྲོལ་ཡིག་སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་རེད། གཞན་ཡང་། མངའ་ཁོངས་བརྒལ་བའི་ཉོ་ཚོང་གློག་རྡུལ་ཚོང་དོན་མངའ་ཁོངས་ནང་ཕར་འགྲོ་ཚུང་འོང་བྱེད་པའི་དངོས་ཟོག་དང་དངོས་རྫས་སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་འགག་སྒོ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག