མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྕགས་ལམ་སྤྱི་ཁྱབ་ཀུང་སིས་གློག་རྡུལ་ཚོང་དོན་གྱི་མྱུར་སྐྱེལ་ཟོག་འདྲེན་མེ་འཁོར་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-03 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་། ཧྲང་ཧའེ་ནས་པེ་ཅིང་བར་གྱི་གློག་རྡུལ་ཚོང་དོན་གྱི་མེ་འཁོརx210/209ཤར་གཏོང་བྱས་ཏེ་རང་རྒྱལ་གྱི་མྱུར་སྐྱེལ་ལས་རིགས་ཀྱི་གོང་འཕེལ་དགོས་མཁོ་དང་འཚམ་པ་བྱས་ཡོད། གློག་རྡུལ་ཚོང་དོན་མེ་འཁོར་དེས་མྱུར་སྐྱེལ་ཁེ་ལས་ཀྱི་གནས་མང་བ་དང་གཞི་ཁྱོན་ཆེ་བའི་བཟང་ཆ་དང་། ལྕགས་ལམ་སྐྱེལ་འདྲེན་གྱི་མྱུར་ཚད་མགྱོགས་པ་དང་། བདེ་འཇགས་ཉེན་ཁ་ཆུང་བ། ཤོང་ཚད་ཆེ་བ། ཉིན་མཚན་དབྱེར་མེད་ཀྱིས་སྐྱེལ་འདྲེན་བྱེད་ཐུབ་པ། ཐན་རྒྱུ་ཉུང་ལ་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་བཅས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་ཐུབ་ཀྱི་ཡོད། གློག་རྡུལ་ཚོང་དོན་མེ་འཁོར་བཀོད་སྒྲིག་བྱ་ཆེད། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་སྦྲག་སྲིད་དང་། ཧྲུན་ཧྥུང་མྱུར་སྐྱེལ། དེ་བཞིན་ཧྲེན་ཐུང་མྱུར་སྐྱེལ། ཡོན་ཐུང་མྱུར་སྐྱེལ། ཀྲུང་ཐུང་མྱུར་སྐྱེལ། གཡུན་དྭ་མྱུར་སྐྱེལ་སོགས་རྒྱལ་ནང་གི་གློག་རྡུལ་ཚོང་དོན་གྱི་མྱུར་སྐྱེལ་ཁེ་ལས་བཅུ་གདན་ཞུ་བྱས་ཏེ་སྤེལ་རེས་བྱས་པ་དང་། ཧྲུན་ཧྥུང་ཀུང་སི་དང་། ཧྲེན་ཐུང་ཀུང་སི། ཡོན་ཐུང་ཀུང་སི་བཅས་ཀྱིས་མེ་འཁོར་བཀོད་སྒྲིག་བྱ་རྒྱུའི་རེ་བ་ཁ་གསལ་བཏོན་པ་དང་། དེས་སྐྱེལ་འདྲེན་མ་གནས་དམའ་རུ་གཏོང་ཐུབ་པ་དང་། སྐྱེལ་འདྲེན་གྱི་ལས་ཆོད་མཐོ་རུ་གཏོང་ཐུབ་པ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་ཟད་གྲོན་ཉུང་གཏོང་། གྲོང་ཁྱེར་ཆེ་གྲས་ཀྱི་འགྲིམ་འགྲུལ་དོ་དམ་ཚོད་འཛིན་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་ཅེས་བཤད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག